ཁྲུང་ཆིང་ཐུང་ནན་གྱིས་མེ་ཏོག་ལ་བརྟེན་ནས་ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།
དཔྱིད་ཐོག་མའི་རང་སྒང་ཤར་བས། ཁྲུང་ཆིང་གྲོང་ཁྱེར་ཐུང་ནན་ཆུས་ཀྱི་མུའུ་ཁྲི་32.2ཟིན་པའི་པད་ཁའི་མེ་ཏོག་རབ་ཏུ་བཞད་ནས་དཔྱིད་དུས་ཀྱི་མཛེས་ལྗོངས་ཁུལ་ཞིག་ཏུ་གྱུར་ཡོད། ཉེ་བའི་ལོ་ཤས་རིང་། ཐུང་ནན་ཆུས་ཀྱིས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག”པའི་སྐྱེ་ཁམས་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས“པད་ཁའི་མེ་ཏོག་གི་དཔལ་འབྱོར”གྱི་གཏིང་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ་མེ་ཏོག་ལ་བརྟེན་ནས་ཞིང་ལས་དང་ རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་ལས། ཞིང་པར་འབབ་འཕར་དང་གྲོང་གསེབ་དར་རྒྱས་ལ་འདེགས་སྐྱོར་ནུས་ལྡན་ཐུབ་ཅིང་། འདི་ནི་ཟླ་3ཚེས་12ཉིན། ཁྲུང་ཆིང་ཐུང་ནན་ཁྲུང་ཁན་གྱི་མེ་ཏོག་རབ་ཏུ་བཞད་པའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བས་པར་རྒྱག་བཞིན་པ།