དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་མིང་འགོད་ཐོ་ཁོངས་སུ་འཇུག་པའི་ཚན་རྩལ་དང་བླངས་པ་ཁྲི་520ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-03-12

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན། གསར་འགོད་པས་ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱིས་གཉེར་བའི་2025ལོའི་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་ཚན་རྩལ་དང་བླངས་ཞབས་ཞུའི་གཟའ་འཁོར་ཐོག་ནས་ཤེས་རྟོགས་བྱས་པར། རང་རྒྱལ་གྱི་ཚན་རྩལ་དང་བླངས་ཞབས་ཞུའི་ལས་སྟེགས་ཐོག་མིང་འགོད་ཐོ་ཁོངས་སུ་འཇུག་པའི་ཚན་རྩལ་དང་བླངས་པ་ཁྲི་520ལྷག་ཙམ་དང་ཚན་རྩལ་དང་བླངས་དཔུང་ཁག་ཁྲི་11ལྷག་ཙམ་ཡོད་པ་དང་ལོར་ཆ་སྙོམས་བྱེད་སྒོ་ཁྲི་30ལྷག་ཙམ་སྤེལ་བ་དེ་ལས་ཚན་རྩལ་དང་བླངས་ཞབས་ཞུའི་དུས་རབས་ཀྱི་རིན་ཐང་དང་དབྱར་མཚོ་རྒྱས་པ་ལྟར་གྱི་གསོན་ཤུགས་མངོན་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་ཚན་རྩལ་དང་བླངས་ཞབས་ཞུ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་དུས་མཚམས་གསར་པར་སླེབས་ཡོད། རྒྱ་ཆེའི་ཚན་རྩལ་དང་བླངས་ཞབས་ཞུའི་རྩ་འཛུགས་དང་ཚན་རྩལ་དང་བླངས་པས་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་དམིགས་ནས་ཚན་རྩལ་བློ་འདྲི་དང་། ལག་རྩལ་ཁྱབ་གདལ། ཚན་རིག་སློབ་གསོ། བདེ་ཐང་གི་འོས་འགན་སྨན་བཅོས། སྤྱི་ཚོགས་ཞབས་ཞུ་སོགས་ཁྱབ་ཁོངས་སུ་བྱ་སྤྱོད་ཧུར་ཐག་སྤེལ་བ་དེ་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་དང་སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

    ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དྲན་གསོའི་ཉིན་མོ་ཨང་62པ་སླེབས་པའི་སྐབས་དེར་ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱིས་ཟླ་3ཚེས་1ཉིན་ནས་ཚེས་7ཉིན་བར་རྒྱལ་ཡོངས་ཁྱབ་ཁོངས་སུ་ལག་རྩལ་ཞབས་ཞུའི་རིགས་ཀྱི་དང་བླངས་ཞབས་ཞུ་དང་། དམངས་འཚོའི་རིགས་ཀྱི་དང་བླངས་ཞབས་ཞུ། ཚན་རིག་ཁྱབ་གདལ་རིགས་ཀྱི་དང་བླངས་ཞབས་ཞུ། འཕྲལ་སྡོམ་རིགས་ཀྱི་དང་བླངས་ཞབས་ཞུ། ཆེད་ལས་རིགས་ཀྱི་དང་བླངས་ཞབས་ཞུ་བཅས་རིགས་ཆེན་པོ་ལྔ་ཚུད་པའི་ཚན་རྩལ་དང་བླངས་ཞབས་ཞུའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།