དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་གི་ཡིན།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྐལ་བཟང་སྒྲོལ་མས་གསུངས་དོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-03-12

    འདི་ནི་ཉིང་ཁྲི་གྲོང་ཁྱེར་གྱི་བོད་ཤིང་སྦྲུལ་ལོའི་ལོ་གསར་མཚན་ཚོགས་ཐོག་སྐལ་བཟང་སྒྲོལ་མས་འཁྲབ་སྟོན་བྱེད་བཞིན་པ།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མངའ་རིས་ས་ཁུལ་ཞང་ཞུང་སྒྱུ་རྩལ་ཚོགས་པའི་ཆེད་བསྐོས་ཏང་ཀྲི་པུའི་ཧྲུའུ་ཅི་སྐལ་བཟང་སྒྲོལ་མས་གསར་འགོད་པར། “ད་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་རིང་ངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་འཁྲི་གང་ལེགས་བསྒྲུབས་ནས། མངའ་རིས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་འཕེལ་རྒྱས་ལ་ཐབས་འདོན་ཇུས་འབུལ་ཧུར་ཐག་ཞུས་ཏེ། མངའ་རིས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་དུ་ཁྱབ་པར་སྐུལ་འདེད་གཏོང་ཆེད། རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་ཕུལ་ནས། དུས་རབས་གསར་པར་གནའ་བོའི་མངའ་རིས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ལ་དེ་བས་མཚར་སྡུག་ལྡན་པའི་འོད་སྟོང་འཕྲོ་ཐུབ་པ་བྱེད་ཀྱི་ཡིན”ཞེས་གསུངས།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་གཞི་རིམ་རིག་རྩལ་ལས་དོན་པ་སྐལ་བཟང་སྒྲོལ་མས་རང་ཉིད་ཀྱི་ཕྲག་ཐོག་ཏུ་མངའ་རིས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཐད་ཀྱི་གྲོས་འགོ་བཏོན་ནས། དེ་རྒྱུན་འཛིན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་ཡོད་པ་ཤེས་ཀྱི་ཡོད།

    མིག་སྔར། མངའ་རིས་ས་ཁུལ་དུ་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་ཚད་བཀག་རང་བཞིན་ཆུང་བ་དང་རྒྱུན་འཛིན་པ་ཉུང་བའི་གནད་དོན་ལ་དམིགས་ནས། ཁོང་གིས་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་སྣ་ཚོགས་བསྡུ་སྒྲིལ་བྱེད་དགོས་པ་དཔེར་ན། གར་མ་ཤོན་དང་རྒོད་པོ་དཀྲོལ་གཏོང་སོགས་ཟུང་འབྲེལ་བྱས་ནས་འཁྲབ་སྟོན་ཆེ་གྲས་བཟོས་ཏེ། མངོན་མིན་རིག་གནས་ཤུལ་བཞག་གི་ཚོགས་པ་རྒྱ་ཆེར་བཏང་ནས། མི་དེ་བས་མང་བས་མངོན་མིན་རིག་གནས་ཤུལ་བཞག་ཤེས་རྟོགས་དང་རྒྱུན་འཛིན་བྱེད་དུ་འཇུག་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

    རིག་རྩལ་ལས་དོན་པ་སྐལ་བཟང་སྒྲོལ་མས་མིག་སྔར་གླུ་དབྱངས་གསར་རྩོམ་ཁྱབ་ཁོངས་སུ་གཞོན་སྐྱེས་གཞས་པ་གཞས་མ་མི་ཉུང་བ་ཞིག་གིས་གསར་རྩོམ་གླུ་གཞས་མང་པོ་གཏོང་བ་ལས་དམངས་གཞས་དང་ལྷག་པར་དུ་མངའ་རིས་ཀྱི་དམངས་གཞས་རྒྱུན་འཛིན་དང་གཏོང་མཁན་ཉུང་བའི་སྣང་ཚུལ་ལ་དོ་ཁུར་བྱུང་བ་དང་། ཁོང་གིས། གཞོན་སྐྱེས་ཚོས་མི་རིགས་གླུ་གཞས་ལ་དོ་ཁུར་མང་ཙམ་བྱས་ནས། ཕ་ཡུལ་གྱི་དམངས་གཞས་རིག་གནས་རྒྱུན་འཛིན་བྱས་ཏེ། དུས་རབས་གསར་པར་མངའ་རིས་ཀྱི་དམངས་གཞས་ལ་གསོན་ཤུགས་གསར་པ་འཕེལ་ཐུབ་པ་བྱེད་དགོས་པའི་རེ་འབོད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།