ད་ཆ་བོད་ཀྱི་ས་ཕྱོགས་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་མངོན་བཞིན་ཡོད།
“གྲོགས་པོ་ཚོ། ཁྱེད་ཚོ་ཧི་མ་ལ་ཡ་བརྒལ་བའི་རྐང་འཁོར་འགྲན་བསྡུར་ལ་ཞུགས་མྱོང་ངམ། ལྷ་སའི་ལམ་ཕྱེད་མར་སུན་འགྲན་རྒྱུག་ལ་ཞུགས་མྱོང་ངམ། ས་མཐོའི་དགུན་དུས་སི་ནོ་ཁེའི་འགྲན་བསྡུར་ལ་ཞུཌ་འདོད་འདུག་གམ། གལ་སྲིད་ཁྱེད་ཡོང་བསམ་ན། ངས་ཁྱེད་ཚོར་ལྷ་སའི་ཞོ་སྟོན་ལ་བྲོ་བ་ཞིམ་པའི་ས་མཐོའི་ཞོའི་སྟོན་མོ་བཤམས་ཀྱི་ཡིན”
ཚེས་6ཉིན་གྱི་སྔ་དྲོ། མི་དམངས་ཚོགས་ཁང་ཆེ་མོའི་བོད་ལྗོངས་ཚོམས་ཆེན་དུ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་དང་འཐུས་མི་ཝང་ཆང་གིས་ཀྲུང་ཕྱིའི་སྨྱན་སྦྱོར་གསར་འགོད་པར་སྤྲོ་སེམས་འཁོལ་པོས་མགྲོན་བརྡ་བཏང་གནང་བ་རེད།
ཉིན་དེར། བོད་ཀྱི་འཐུས་མི་ཚོགས་པས་ཚོགས་པ་དང་ཚོགས་ཆུང་སྒོ་དབྱེའི་ཚོགས་འདུ་འཚོགས་པ་དང་། ཀྲུང་ཕྱིའི་སྨྱན་སྦྱོར་60ཙམ་གྱི་གསར་འགོད་པ་90ལྷག་ཙམ་སྔ་ས་ནས་ཚོགས་རར་འབྱོར་ཡོད། ཆུ་ཚོད་གཉིས་ལྷག་ཙམ་རིང་དྲི་བར་ལན་བསྐྱོན་ནས་འཛམ་གླིང་ལ་དེ་བས་སྒོ་དབྱེ་དང་གདེང་ཚོད་ཀྱི་བོད་ལྗོངས་མངོན་པར་བྱས་ཡོད།
ཀྲུང་ཕྱིའི་གསར་འགོད་པའི་དྲི་བར་འཐུས་མི་མང་པོ་ཞིག་གིས་ལྷག་བསམ་ཟོལ་མེད་ངང་ལན་བསྐྱོན་ཏེ་གཏམ་རྒྱུད་རེ་རེ་ནས་ཕ་ཡུལ་གྱི་འགྱུར་ལྡོག་གསར་ཤོས་མངོན་པར་བྱས་ཡོད།
ལོ་གཅིག་གོང་གི་ཚོགས་པ་དང་ཚོགས་ཆུང་སྒོ་དབྱེའི་ཚོགས་འདུའི་ཐོག་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་བྱ་མང་ཤང་ཕོ་རོང་ཐང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་འཐུས་མི་འཆི་བདེ་ཡིས་ས་མཐོའི་ནུས་མང་དབུཌ་རྡིག་གིས་འབྲོག་པ་མང་ཚོགས་ཀྱི་གཡོས་སྦྱོར་གྱི་དཀའ་གནད་ཐག་གཅོད་ཐུབ་པའི་གཏམ་རྒྱུད་གསུངས་ཡོད།
ད་ལོ་ཁོང་གིས་སླར་ཡང་དགའ་འོས་པའི་དོན་དག་གསུམ་བསྣམས་ཡོད་པ་སྟེ།
གཅིག་ནི་ན་ནིང་ལྗོངས་ཡོངས་ཀྱི་སློབ་གསོའི“འགན་ལེན་གསུམ”(འཚོ་བཅུད་ལེགས་གཏོང)གྱི་ཚད་གཞི་སྒོར་90མཐོ་རུ་བཏང་སྟེ་སློབ་མ་རེར་ལོ་རེར་སྒོར་5620ཟིན་ནས་སློབ་མ་ཁྲི་74.6ལ་ཕན་པ་ཐོབ་པའི་ནང་འཆི་བདེའི་ཕྲུ་གུ་ཡང་ཚུད་ཡོད།
གཉིས་ནི་སྦྲ་ཆེན་རྫོང་གི་འབྲོག་ལས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་2ལས་བརྒལ་ནས་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་8%འཕར་བར་སྐུལ་ཁྲིད་ཐུབ་ཡོད།
གསུམ་ནི་སྦྲ་ཆེན་རྫོང་མི་དམངས་སྨན་ཁང་གི་སྨན་ཁང་གསར་པ་སྤྱོད་འགོ་ཚུགས་པ་དང་སློབ་འབྲིང་གཉིས་པའི་སློབ་ཁུལ་གསར་པ་ལས་མཇུག་འགྲིལ་བས་སྨན་བཅོས་དང་སློབ་གྲྭ་འགྲིམ་པའི་ཆ་རྐྱེན་དེ་བས་ལེཌ་སུ་ཕྱིན་པ་བཅས་རེད།
“འགྱུར་ལྡོག་འདི་འདྲ་བྱུང་བ་མཐོང་སྐབས་ང་རང་ཧ་ཅང་དགའ་པོ་འདུག་ལ། དགའ་འོས་པའི་དོན་དག་དེ་དག་ཚང་མ་དང་མཉམ་སྤྱོད་བྱེད་འདོད་འདུག” འཆི་བདེ་ཡིས་འགྱུར་ལྡོག་ཆུང་ཆུང་དང་དྲོ་སྐྱིད་ལྡན་པའི་དོན་དག་འདི་འདྲ་བ་བོད་ཀྱི་ས་གཞི་ཆེན་པོར་ཉིན་ལྟར་ཐོན་བཞིན་ཡོད་ཅེས་གསུངས།
མི་སེར་གྱི་འཚོ་བའི་འགྱུར་ལྡོག་ནི་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་བྱུང་བ་དང་ཁ་འབྲལ་ཐབས་མེད། ན་ནིང་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་6.3%འཕར་ནས་ནུས་རྒྱུ་གཙང་མ་ཚུད་པའི་ཐོན་ལས་ཆེན་པོ་དགུ་ལ་སྤུས་འབྲས་ལེགས་གཉེར་རྒྱུན་ཆད་མེད་པར་བྱུང་ཡོད།
“ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཕྱིན་པ་དེས་ས་བབ་མཐོ་བའི་ས་ཁུལ་གྱི་གློག་སྤྱོད་དང་དྲོད་ལེན་གྱི་ང་ཚོའི་དཀའ་ངལ་ཐག་གཅོད་ཐུབ་སོང” ཆབ་མདོ་གྲོང་ཁྱེར་གྱི་ཧྲི་ཀྲང་དང་འཐུས་མི་ལུའོ་ཆིང་ཝུའུ་ཡིས་ལ་ཉག་ཐོག་ཉི་ནུས་ཤེལ་ལེབ་བསྒར་བ་བརྒྱུད་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གིས་དེ་སྔ་རྡོ་སོལ་ཁྲོ་ཐབ་ཀྱི་དྲོད་གཏོང་སྟངས་དེ་ནུས་རྒྱུ་གཙང་མའི་དྲོད་གཏོང་དུ་བསྒྱུར་ནས་མི་ཁྲི་2ལྷག་ཙམ་ལ་ཕན་པ་ཐོབ་སྟེ་དགུན་ཁ་དྲོ་སོབ་སོབ་ངང་སྐྱེལ་ཐུབ་པ་བྱུང་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
ཟླ་3པར་ཉིང་ཁྲིར་ཁམ་བུ་མེ་ཏོག་བཞད་ཀྱི་ཡོད།
“ཉིང་ཁྲིའི་ཁམ་བུ་མེ་ཏོག་ནི་རང་བྱུང་ཁམས་ཀྱིས་ས་མཐོའི་དཔྱིད་ཀར་སྤྲད་པའི་ལག་རྟགས་ཤིག་རེད” ཉིང་ཁྲི་གྲོང་ཁྱེར་གྱི་ཧྲི་ཀྲང་དང་འཐུས་མི་དཔའ་དར་གྱིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་སྐབས་སུ་ཉིང་ཁྲིས་ལོ་གཅིག་དུས་གཅིག་གི་ཁམ་བུའི་མེ་ཏོག་དུས་ཆེན་ཡག་པོ་གཉེར་ནས་ཀྲུང་ཕྱིའི་ཡུལ་སྐོར་བ་དེ་བས་མང་བས་བོད་ཀྱི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་ཉིང་ཁྲི་བརྒྱུད་བོད་ཡུན་རིང་བདེ་འཁོད་དང་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་རྣམ་པ་གསར་པ་ཞིག་དེ་བས་ཚོར་ཐུབ་པ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན་གཞིར་བཟུང)