དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་ལུས་རྩལ་པར་གསེར་གྱི་རྟགས་མ་5དང་། དངུལ་གྱི་རྟགས་མ་1ཟངས་ཀྱི་རྟགས་མ་1བཅས་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-03-12

    ཚེས་8ཉིན། གསར་འགོད་པས་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱས་པར། ཟླ་3ཚེས་6དང་ཚེས་7ཉིན། 2024ལོ་དང་2025ལོའི་རྒྱལ་སྤྱིའི་གངས་ཤུད་རི་འཛེག་མཉམ་འབྲེལ་ལྷན་ཚོགས་ཀྱི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་མུ་མཐུད་སུའེ་ཙེར་གྱི་མོར་རན་གངས་ཤུད་ར་བར་བྱས་པ་དང་། རང་ལྗོངས་ཀྱི་ལུས་རྩལ་པ་ཐག་ཐུང་དང་མི་སྒེར་གྱི་ཀླུང་རྒྱུག་རྣམ་གྲངས་གཉིས་ཀྱི་འགྲན་བསྡུར་ནང་ཞུགས་པ་རེད།

    འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད། ཚེ་བརྟན་གཡུ་སྒྲོན་ལ་བུད་མེད་ཀྱི་U20ཚོགས་ཆུང་མི་སྒེར་གྱི་ཀླུང་རྒྱུག་རྣམ་གྲངས་ཀྱི་ཨང་དང་པོ་ཐོབ་པ་དང་། བུ་མོ་ཨ་ནི་ལ་བུད་མེད་ཀྱི་U18ཚོགས་ཆུང་མི་སྒེར་གྱི་ཀླུང་རྒྱུག་རྣམ་གྲངས་ཀྱི་ཨང་དང་པོ་དང་ཐག་ཐུང་རྣམ་གྲངས་ཀྱི་ཨང་གཉིས་པ་ཐོབ་པ། ཀུན་བཟང་རྣམ་རྒྱལ་ལ་སྐྱེས་པའི་U18ཚོགས་ཆུང་མི་སྒེར་གྱི་ཀླུང་རྒྱུག་རྣམ་གྲངས་ཀྱི་ཨང་དང་པོ་ཐོབ་པ་རེད།

    དེ་གོང་གི་འགྲན་བསྡུར་ཁྲོད་རང་ལྗོངས་ཀྱི་ལུས་རྩལ་པ་ཀུན་བཟང་རྣམ་རྒྱལ་དང་བུ་མོ་ཨ་ནི་ལ་སྐྱེས་པ་དང་བུད་མེད་ཀྱི་U18ཚོགས་ཆུང་གི་དྲང་འཕྱང་མྱུར་ཚད་འགྲན་བསྡུར་རྣམ་གྲངས་ཀྱི་ཨང་དང་པོ་སོ་སོར་ཐོབ་པ་དང་། ཚེ་བརྟན་གཡུ་སྒྲོན་ལ་བུད་མེད་ཀྱི་U23ཚོགས་ཆུང་གི་དྲང་འཕྱང་མྱུར་ཚད་འགྲན་བསྡུར་རྣམ་གྲངས་ཀྱི་ཨང་གསུམ་པ་ཐོབ་པ་རེད།

    ད་ཐེངས་ཀྱི་འགྲན་བསྡུར་ནང་རང་ལྗོངས་ཀྱི་ལུས་རྩལ་པ་ཚོས་རྒྱལ་ཁབ་རུ་ཁག་གི་ཚབ་ཞུས་ནས་འགྲན་བསྡུར་ནང་ཞུགས་པར་གསེར་གྱི་རྟགས་མ་5དང་། དངུལ་གྱི་རྟགས་མ་1 ཟངས་ཀྱི་རྟགས་མ་1བཅས་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།