དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་ཚོགས་འདུ་ཐེངས་གཉིས་པ་དང་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-03-12

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡི་མངགས་བཅོལ་ལྟར། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཤིན་ཁྲུན་དབྱིང་གིས་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བཅའ་ཁྲིམས་ཀྱི་གཏན་འབེབས་མ་ཟིན་གྱི་བཟོ་བཅོས་བསམ་འཆར་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་གསན་པ་དང་། འཐུས་མིའི་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་འཆར་ཟིན་གྱི་བརྡས་ཐག་མ་ཟིན་ལ་གྲོས་ཞིབ་གནང་བ་རེད།

    ཚོགས་འདུའི་ཐོག ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་། ཚོགས་ཆེན་གྱི་དྲུང་ཆེ་གཞོན་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་བཅས་ཡིན་པའི་ལིའུ་ཆི་ཡིས་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་བཟོ་བཅོས་བྱས་ཚུལ་སྐོར་གྱི་སྙན་སེང་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་དང་བཟོ་བཅོས་བྱས་ཚུལ་སྐོར་གྱི་སྙན་སེང་གསན་པ་དང་། སྙན་སྒྲོན་དེ་གསུམ་གྱི་གྲོས་ཆོད་འཆར་ཟིན་གྱི་ཚབ་བྲིས་མ་ཟིན་ཁག་སོ་སོར་གྲོས་ཞིབ་གནང་བ་རེད།

    ཚོགས་འདུའི་ཐོག་ཚོགས་ཆེན་གྱི་དྲུང་ཆེ་གཞོན་པ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་གཞོན་པ་ལིའུ་ཅུན་ཁྲེན་གྱིས་གནང་བའི་འཐུས་མིས་བཏོན་པའི་གྲོས་གཞི་ཐག་གཅོད་བྱ་རྒྱུའི་བསམ་འཆར་སྐོར་གྱི་ཚོགས་ཆེན་དྲུང་ཡིག་ཁྲུའི་སྙན་ཞུ་གསན་ནས་གྲོས་ཞིབ་གནང་བ་རེད།

    ཚོགས་འདུའི་ཐོག གོང་གསལ་གྱི་བཟོ་བཅོས་བསམ་འཆར་གྱི་སྙན་སྒྲོན་དང་དེ་བཞིན་འཆར་ཟིན་གྱི་བརྡས་གཅོད་མ་ཟིན་དང་། གྲོས་ཆོད་འཆར་ཟིན། སྙན་སྒྲོན་བཅས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་ཞིབ་གནང་བར་འབུལ་རྒྱུའི་མོས་མཐུན་གནང་བ་རེད།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ་རེད།

    ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲའོ་ལེ་ཅི་ཡི་མངགས་བཅོལ་ལྟར། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལི་ཧུང་ཀྲུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུར་ཞུགས་དགོས་པའི་འཐུས་མི་176ཡོད་པ་དང་། དངོས་སུ་ཞུགས་མཁན་འཐུས་མི་172དང་། ཞུགས་མ་ཐུབ་པའི་འཐུས་མི་4ཡོད་པས་ཚོགས་འདུར་ཞུགས་པའི་མི་གྲངས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།

    ཟླ་3ཚེས་9ཉིན་གྱི་སྔ་དྲོར། འཐུས་མི་ཚོགས་པ་ཁག་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་འཆར་ཟིན་ལ་གྲོས་ཞིབ་ནན་ཏན་གནང་བ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་བསམ་འཆར་གཞིར་བཟུང་། གཏན་འབེབས་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གཏན་འབེབས་འཆར་ཟིན་གྱི་བརྡས་ཐག་མ་ཟིན་བཏོན་ཡོད། ཀྲུའུ་ཞི་ཚོགས་པའི་ཚོགས་འདུར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཤིན་ཁྲུན་དབྱིང་གིས་གནང་བའི་འཐུས་མིའི་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་གཏན་འབེབས་འཆར་ཟིན་གྱི་བཟོ་བཅོས་བསམ་འཆར་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་གསན་པ་རེད། ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། གོང་གསལ་གྱི་སྙན་སྒྲོན་དང་གཏན་འབེབས་འཆར་ཟིན་གྱི་བརྡས་ཐག་མ་ཟིན་ལ་གྲོས་འཆམ་བྱུང་ནས་འཐུས་མིའི་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་པའི་གཏན་འབེབས་འཆར་ཟིན་གྱི་བརྡས་ཐག་མ་ཟིན་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཐོག་བརྡས་ཐག་གཅོད་པར་འབུལ་རྒྱུའི་གཏན་འཁེལ་བྱས་པ་རེད།

    ཟླ་3ཚེས་8ཉིན་གྱི་ཕྱི་དྲོ་དང་ཚེས་10ཉིན་གྱི་སྔ་དྲོར། འཐུས་མི་ཚོགས་པ་ཁག་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་ནན་ཏན་གནང་བ་རེད། འཐུས་མི་ཚོས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འདས་ཟིན་པའི་ལོ་གཅིག་རིང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་སླད་ཕྱིན་ལོ་གཅིག་རིང་གི་ལས་དོན་བཀོད་སྒྲིག་ལ་མོས་མཐུན་གནང་བ་རེད། གྲོས་ཞིབ་གནང་རིང་འཐུས་མི་ཚོས་སྙན་སྒྲོན་དང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་བསམ་འཆར་དང་གྲོས་འགོ་ཁག་གཅིག་བཏོན་གནང་བ་རེད། ཨུ་ཡོན་ཀྲང་གི་ཚོགས་འདུར་འཐུས་མི་ཚོའི་གྲོས་ཞིབ་བསམ་འཆར་ལ་ཞིབ་འཇུག་ནན་ཏན་བྱས་ནས་སྙན་སྒྲོན་ལ་བཟོ་བཅོས་བརྒྱབ་པ་རེད། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་འཐུས་མི་ཚོའི་གྲོས་ཞིབ་བསམ་འཆར་དང་སྙན་སྒྲོན་ལ་བཟོ་བཅོས་བརྒྱབ་ཚུལ་ལ་གཞིགས་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་ཆོག་མཆན་སྤྲོད་རྒྱུའི་གྲོས་འགོ་བཏོན་པ་དང་འབྲེལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་འཆར་ཟིན་ཚབ་འགོད་གནང་བ་རེད། ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་ཆོད་འཆར་ཟིན་འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་གནང་བར་འབུལ་རྒྱུའི་གཏན་འཁེལ་བྱས་པ་རེད།

    ཟླ་3ཚེས་9ཉིན་དང་ཚེས་10ཉིན་གྱི་སྔ་དྲོར། འཐུས་མི་ཚོགས་པ་ཁག་གིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་ནན་ཏན་གནང་བ་རེད། འཐུས་མི་ཚོས་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འདས་ཟིན་པའི་ལོ་གཅིག་རིང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་སླད་ཕྱིན་ལོ་གཅིག་རིང་གི་ལས་དོན་བཀོད་སྒྲིག་ལ་མོས་མཐུན་གནང་བ་རེད། གྲོས་ཞིབ་གནང་རིང་། འཐུས་མི་ཚོས་བསམ་འཆར་དང་གྲོས་འགོ་ཡང་ཁག་གཅིག་བཏོན་གནང་བ་རེད། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་འཐུས་མི་ཚོའི་གྲོས་ཞིབ་བསམ་འཆར་དང་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་ལ་ཞིབ་འཇུག་ནན་ཏན་གནང་ནས་སྙན་སྒྲོན་ལ་བཟོ་བཅོས་བརྒྱབ་པ་རེད། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་འཐུས་མི་ཚོའི་གྲོས་ཞིབ་བསམ་འཆར་དང་སྙན་སྒྲོན་ལ་བཟོ་བཅོས་བརྒྱབ་ཚུལ་ལ་གཞིགས་ནས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ལ་ཆོག་མཆན་སྤྲོད་རྒྱུའི་གྲོས་འགོ་བཏོན་གནང་བ་དང་འབྲེལ་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་འཆར་ཟིན་གཉིས་ཀྱང་ཚབ་འགོད་གནང་བ་རེད། ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། གྲོས་ཆོད་འཆར་ཟིན་དེ་གཉིས་འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་གནང་བར་འབུལ་རྒྱུའི་གཏན་འཁེལ་བྱས་པ་རེད།

    ཚོགས་འདུར་ཚོགས་ཆེན་གྱི་དྲུང་ཆེ་གཞོན་པ་ལིའུ་ཅུན་ཁྲེན་གྱིས་གནང་བའི་འཐུས་མིས་བཏོན་པའི་གྲོས་གཞི་ཐག་གཅོད་བསམ་འཆར་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་དྲུང་ཡིག་ཁྲུའི་སྙན་ཞུ་གསན་ཞིང་། ལིའུ་ཅུན་ཁྲེན་གྱིས། ཟླ་3ཚེས་8ཉིན་གྱི་ཆུ་ཚོད་12བར་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ལ་ཁྱོན་གྲོས་གཞི་ཁག་269འབྱོར་བའི་ནང་། འཐུས་མི་ཚོགས་པས་བཏོན་པའི་གྲོས་གཞི་ཁག་26དང་འཐུས་མི་30ཡན་གྱིས་མིང་མཉམ་འགོད་བྱས་ནས་བཏོན་པའི་གྲོས་གཞི་ཁག་243ཡོད་པ་རེད། གྲོས་གཞི་དེ་དག་ནང་ཁྲིམས་འཛུགས་སྐོར་གྱི་གྲོས་གཞི་ཁག་268ཡོད་པ་དང་ལྟ་སྐུལ་སྐོར་གྱི་དོན་ཚན་ཁག་1ཡོད། ནང་དོན་གཙོ་བོ་ནི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་མི་དམངས་རང་ཁྱིམ་རང་བདག་འགན་ལེན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཕན་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཕྱོགས་ཡོངས་ཀྱི་གསར་གཏོད་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པར་རྒྱབ་སྐྱོར་བྱས་ནས་སློབ་གསོ་དང་ཚན་རྩལ་ཤེས་ལྡན་པའི་སྒྲིག་སྲོལ་དང་ལམ་སྲོལ་གཞི་གཅིག་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱས་ནས་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ནས་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་སྐྱེ་ཁམས་ཤེས་དཔལ་གྱི་བཅའ་ཁྲིམས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་སྤྱི་པའི་བདེ་འཇགས་བཅོས་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་ལ་འདུས་ཡོད། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡིས་འཐུས་མིས་བཏོན་པའི་གྲོས་གཞི་རེ་རེ་བཞིན་དབྱེ་ཞིབ་དང་ཞིབ་འཇུག་ནན་ཏན་གནང་རྗེས། ད་ཐེངས་ཀྱི་ཚོགས་འདུའི་གྲོས་ཞིབ་ནང་འཇུག་དགོས་པའི་གྲོས་གཞི་མེད་པའི་ངོས་འཛིན་གནང་བ་རེད། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡིས་འཐུས་མིས་བཏོན་པའི་གྲོས་གཞི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་གནང་བར་འབུལ་རྒྱུའི་གྲོས་འགོ་བཏོན་པ་རེད། འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་གོང་གསལ་གྱི་གྲོས་འཆར་ལ་གྲོས་ཞིབ་བྱས་རྗེས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱས་འབྲས་ཀྱི་སྙན་སྒྲོན་འབུལ་རྒྱུ་ཡིན་པ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་ལ་གྲོས་འཆམ་གནང་རྗེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པར་བཀྲམ་རྒྱུ་ཡིན་པ་རེད།

    ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། འཐུས་མིས་བཏོན་པའི་གྲོས་འཆར་ཐག་གཅོད་བསམ་འཆར་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་དྲུང་ཡིག་ཁྲུའི་སྙན་སྒྲོན་ལ་གྲོས་འཆམ་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།