དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “གཱ་གཅིག་ཀུན་འཐུས”ལས་དམངས་འཚོར་ཞབས་འདེགས་ཞུ་བའི་མྱུར་ཚད་མགྱོགས་སུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-03-11

    “ངའི་ལག་ཏུ་ཡོད་པའི་གཱ་འདི་ནི་ཅིང་ཅིན་ཅི་མཐུན་སྦྱོར་འཕེལ་རྒྱས་འགྲོ་བའི་མཚོན་ཚུལ་ཡག་ཤོས་རེད”

    ཟླ་3ཚེས་6ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་ཧོ་པེ་འཐུས་མི་ཚོགས་པས་ཚོགས་པ་དང་ཚོགས་ཆུང་སྒོ་དབྱེའི་ཚོགས་འདུ་འཚོགས་པ་རེད། ཧོ་པེ་ཞིང་ཆེན་པའོ་ཏིང་གྲོང་ཁྱེར་སྨན་ཁང་གཉིས་པའི་ཡོན་ཀྲང་གཞོན་པ་དང་འཐུས་མི་མཱ་ཡུང་ཕིང་གི་ལག་ཏུ་ཡོད་པའི་གཱ་དེ་ཚང་མའི་དོ་སྣང་བྱ་ཡུལ་དུ་གྱུར།

    དོན་དངོས་ཐོག་གཱ་སྔོན་པོ་དེ་ནི་འཚོ་བའི་ཁྲོད་དུ་རྒྱུས་མངའ་ཧ་ཅང་ཆེ་བའི་སྤྱི་ཚོགས་འགན་སྲུང་གཱ་རེད།

    མཱ་ཡུང་ཕིང་གིས། ཅིང་ཅིན་ཅི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཆབས་ཅིག་སྤྱི་པའི་ཞབས་ཞུ་མཉམ་སྐྲུན་མཉམ་སྤྱོད་ལའང་ཡར་རྒྱས་ཆེན་པོ་བྱུང་ཡོད་ཅེས་ངོ་སྤྲོད་གནང་ཞིང་། ཁོང་ལ་རྒྱུས་མངའ་ཆེ་བའི་སྨན་བཅོས་ཁྱབ་ཁོངས་ཀྱི་ངོས་ནས་བརྗོད་ན། མིག་སྔར་ཅིང་ཅིན་ཅི་སྤྱི་ཚོགས་འགན་སྲུང་གཱ་ཡི“གཱ་གཅིག་ཀུན་འཐུས”གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་ཁྲི་6.4རུ“གཱ་གཅིག་ཀུན་འཐུས”ཐུབ་པ་དང་། ཞིང་ཆེན་དང་གྲོང་ཁྱེར་གསུམ་གྱི་ནད་ཐོག་སྨན་བཅོས་ཀྱི་ཞིབ་བཤེར་འབྲས་བུ་ཕན་ཚུན་ཁས་ལེན་བྱེད་པའི་སྨན་བཅོས་སྒྲིག་གཞི་910ལྷག་ཙམ་དང་རྣམ་གྲངས་60ཟིན་ཡོད།

    མཐུན་སྦྱོར་འཕེལ་རྒྱས་བཏང་བས“གཱ་གཅིག་ཀུན་འཐུས”ཀྱིས་དམངས་འཚོར་ཞབས་འདེགས་ཞུ་བའི་མྱུར་ཚད་མགྱོགས་སུ་ཕྱིན་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། 2024ལོའི་ཟླ་9པར། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་གནས་གསུམ་གྱི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཐུན་སྦྱོར་ཁྲིམས་འཛུགས་ལ་བརྟེན་ནས། ཅིང་ཅིན་ཅིའི་སྤྱི་ཚོགས་འགན་སྲུང་གཱ་ཡི“གཱ་གཅིག་ཀུན་འཐུས”ལ་སྐུལ་འདེད་གཏོང་བའི་གཏན་འབེབས་བཏོན་པ་དང་། ས་ཁོངས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། སྤྱོད་ཡུལ་རྒྱ་ཆེར་གཏོང་བ། ཞབས་ཞུའི་འགན་ལེན་ལེགས་སུ་གཏོང་བ་བཅས་བྱས་ཏེ། གཱ་གཅིག་མང་སྤྱོད་དང་ཞིང་སྒྲོལ་ཀུན་སྤྱོད་ལ་སྐུལ་འདེད་བཏང་བ་རེད།

    གཏན་འབེབས་ནང་གསལ་པོར་བསྟན་དོན། ས་གནས་གསུམ་པོས་མཉམ་དུ“གཱ་གཅིག་ཀུན་འཐུས”ཀྱི་ཉེར་སྤྱོད་རྣམ་གྲངས་ཀྱི་གསལ་ཐོ་བཟོས་པ་དང་འབྲེལ་སྟབས་བསྟུན་ལེགས་སྒྲིག་ལག་བསྟར་བྱས་ནས་དུས་ཐོག་ཏུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་རྒྱུ་རེད། མང་ཚོགས་ཀྱིས་སྤྱི་ཚོགས་འགན་སྲུང་གཱ་སྤྱོད་མང་བར་དམིགས་ནས། “གཱ་གཅིག་ཀུན་འཐུས”དེ་མི་ཤུགས་དང་སྤྱི་ཚོགས་ཀྱི་ཞབས་ཞུའི་དོན་དག་དང་། སྨན་བཅོས་སྒྲིག་གཞི། འགྲིམ་འགྲུལ་ལམ་ཐིག ཡུལ་སྐོར་མཛེས་ལྗོངས་ཁུལ། རྟེན་མཛོད་ཁང་། དཔེ་མཛོད་ཁང་སོགས་ཀྱི་ཐད་ལ་ཞིབ་ཕྲའི་བཀོལ་སྤྱོད་བྱེད་སྟངས་གཙོ་གནད་ཐོག་གསལ་པོ་བཟོས་ཡོད། བཀོལ་སྤྱོད་དེ་བས་མང་བའི་གསར་གཏོད་ལ་སྐུལ་མ་གཏོང་ཆེད། གཏན་འབེབས་ནང་ད་དུང་ཅིང་ཅིན་ཅི་ཡི“གཱ་གཅིག་ཀུན་འཐུས”ལ་བརྟེན་ནས་སྤྱི་པའི་ཞབས་ཞུའི་དོན་དག་དེ་བས་མང་བ་མཉམ་རུབ་ཐག་གཅོད་དང་སྤྱི་ཚོགས་ཁྱབ་ཁོངས་སུ་མཉམ་རུབ་བཀོལ་སྤྱོད་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུའི་གཏན་འབེབས་ཁ་གསལ་བཟོས་ཡོད།

    མིག་སྔར་སྨན་བཅོས་ཁྱབ་ཁོངས་ཙམ་མ་ཟད། རྒྱུན་གཏན་འཚོ་བའི་ཕྱོགས་གང་ཅིའི་ཐད་ས་གནས་གསུམ་གྱི་གྲོང་མི་དེ་བས་མང་བར“གཱ་གཅིག་ཀུན་འཐུས”ཀྱི་སྟབས་བདེའི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།