དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དེ་བས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པ།

    —— དིང་རིར་ས་ཡོམ་རིམ་པ་6.8བརྒྱབ་རྗེས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་འགོ་ཚུགས་མཛད་སྒོའི་ཟུར་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-11

    “ས་ཡོམ་བརྒྱབ་ནས་ང་ཚོའི་ཁང་ཁྱིམ་མེད་པར་གྱུར་ཡོད། འོན་ཀྱང་མེས་རྒྱལ་སྟོབས་ལྡན་གྱི་རྒྱབ་སྐྱོར་བརྟན་པོ་ཡོད་པས་ང་ཚོ་ཡངས་ཤིང་རྒྱ་ཆེ་བའི་ཁང་པ་གསར་པར་མགྱོགས་པོ་སྤོ་ཐུབ་ངེས་རེད། དེ་དག་ཚང་མ་ཏང་དང་རྒྱལ་ཁབ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་ཕྲུ་གུ་ཚོར་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སློབ་གསོ་རྒྱག་གི་ཡིན”ཞེས་དིང་རིར་ས་ཡོམ་རིམ་པ་6.8བརྒྱབ་རྗེས། ཟླ་3ཚེས་3ཉིན་དིང་རི་རྫོང་གྲམ་མཚོ་ཤང་དགུ་རུམ་གྲོང་ཚོར་འཚོགས་པའི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་འགོ་ཚུགས་མཛད་སྒོར་ལོ་68ལ་སླེབས་པའི་དགུ་རུམ་གྲོང་ཚོའི་རྒད་པོ་དབང་རྒྱལ་གྱིས་དགའ་ཚོར་ཆེན་པོས་བརྗོད།

    དགུ་རུམ་གྲོང་ཚོ་ནི་ད་ཐེངས་ས་ཡོམ་ཁྲོད་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཀྱི་གྲོང་ཚོའི་གྲས་ཡིན་པ་དང་དེ་གའི་ཁང་པ་ཁྱོན་ཡོངས་ལ་གཏོར་སྐྱོན་ཕོག་པ་མ་ཟད། གས་སྐྱོན་ཚབས་ཆེན་ཕོག་པའི་ཁང་པས་གྲོང་ཚོའི་ཁང་པ་ཡོངས་ཀྱི་བརྒྱ་ཆ་ཕྱེད་ཀ་ཡན་བཟུང་ཡོད། དགུ་རུམ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་ཕུན་ཚོགས་ཀྱིས“ས་ཡོམ་གྱིས་ང་ཚོའི་ཁྱིམ་གཞིས་ལ་གས་སྐྱོན་ཚབས་ཆེན་བཏང་སོང་། ཡིན་ནའང་ཉེན་ཁ་ཚབས་ཆེ་ཤོས་ཀྱི་སྐབས་སུ་ཏང་དང་སྲིད་གཞུང་གིས་ང་ཚོར་སྟོབས་ཤུགས་དང་གདེང་ཚོད་ཚད་མེད་སྦྱིན་བྱུང”ཞེས་བརྗོད།

    ས་ཡོམ་བརྒྱབ་ཚུན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“གེགས་རྗེས་སླར་གསོ་བསྐྱར་སྐྲུན་མགྱོགས་པོ་བྱེད་དགོས་པའི”མངགས་བཅོལ་ནན་པོ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་འགོ་ཁྲིད་ཚོགས་ཆུང་མགྱོགས་པོ་བཙུགས་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུ་ཐེངས་མང་འཚོགས་ནས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་ཆེད་དོན་ཞིབ་འཇུག་བཀོད་སྒྲིག་གནང་ཡོད། གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་མདུན་ཕྱོགས་བཀོད་འདོམས་པུའུ་འཕྲལ་མར་བཙུགས་ནས་སླར་གསོ་བསྐྱར་སྐྲུན་དང་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་ཟུང་འབྲེལ་དམ་ཟབ་དང་། སླར་གསོ་བསྐྱར་སྐྲུན་དང་ཐོན་སྐྱེད་འཕེལ་རྒྱས་དང་། སླར་གསོ་བསྐྱར་སྐྲུན་དང་སྤྱི་ཚོགས་རིང་ལུགས་གྲོང་གསེབ་གསར་པ་འཛུགས་སྐྲུན། སླར་གསོ་བསྐྱར་སྐྲུན་དང་མཐའ་བརྟན་མཐའ་སྲུང་། འཕེལ་རིམ་མགྱོགས་གཏོང་དང་སྤུས་ཚད་ལ་མཐོང་ཆེན་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་རྒྱུར་མཐོང་ཆེན། དོན་དངོས་དང་ཟུང་འབྲེལ་བྱས་ཏེ“གཅིག་གྱུར་འཆར་འགོད་དང་གཅིག་གྱུར་འཛུགས་སྐྲུན”དང“གཅིག་གྱུར་འཆར་འགོད་དང་རང་སྐྲུན”ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་མང་ཚོགས་ཀྱི་སྡོད་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཚད་གཞི་མཐོ་བ་དང་། ལས་ཕྱོད་ཆེ་བ། སྤུས་ཚད་མཐོ་བ་བཅས་ཀྱིས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་དུས་འགོའི་ལས་དོན་ལེགས་པར་བསྒྲུབས་ཡོད།

    གེགས་རྗེས་སླར་གསོ་བསྐྱར་སྐྲུན་བྱེད་རིང་། མང་ཚོགས་ཀྱི་སྡོད་ཁང་ནི་གཙོ་གནད་ཡིན་སྟབས་གནོད་འཚེ་ཕོག་པའི་མང་ཚོགས་སྔ་ཙམ་སྡོད་ཁང་གསར་པར་སྤོ་ཐུབ་པ་དང་ཁང་པ་གསར་པའི་ནང་སྡོད་ཐུབ་པ་བྱེད་པ་ནི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་དོན་ཆེན་ཨང་དང་པོ་དེ་རེད། གོམ་སྟབས་རྗེས་མར། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་ལྷག་བསམ་རྣམ་དག་དང་བརྩེ་བ་ཆེན་པོས་བར་བརྒལ་དུས་ཀྱི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་དང་། གེགས་རྗེས་ཀྱི་མང་ཚོགས་ཀྱི་སྡོད་ཁང་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ལ་གང་མགྱོགས་སྐུལ་འདེད་གཏོང་བ། ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མང་ཚོགས་སྔ་ཙམ་བདེ་འཇགས་ལྡན་ལ་སྐྱིད་སྣང་དོད་པའི་སྡོད་ཁང་གསར་པར་སྤོས་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བར་རོལ་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།