དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ཐོག་མཐའ་བར་གསུམ་དུ་རླབས་གཤག་ཕོ་རྒོད་ཀྱི་ནུས་པ་རྒྱུན་འཁྱོངས་བྱེད་དགོས”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཏུའུ་ཧྲང་ཙེ། ཧུའུ་ཙེ་ཞི།   |     སྤེལ་དུས།  2025-03-09

    དུས་ཚོད། ཟླ་3ཚེས་5ཉིན་གྱི་ཕྱི་དྲོ།

    ཉིན་རེའི་ལས་རིམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

    “དེ་རིང་གསར་འགྱུར་ཐོག་བཀོད་པ་རེད་པས”

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀའ་འདྲི་གནང་ཡུལ་ནི་ཁོང་གི་ཁ་སྤྲོད་དུ་བཞུགས་པའི་ནན་ཅིང་གྲོང་ཁྱེར་སྨན་ཁང་དང་པོའི་འཐུས་མི་ཀྲང་ཅུན་ཅེ་རེད། ཉིན་དེའི་ཞོགས་པ་ཀྲང་ཅུན་ཅེས“འཐུས་མིའི་བགྲོད་ལམ”ནས་སྨྱན་སྦྱོར་དང་ལོ་དེ་དག་རིང་གི་གསོ་རིག་ཚན་རྩལ་གཏམ་རྒྱུད་མཉམ་སྤྱོད་གནང་བ་རེད།

    གཏམ་རྒྱུད་ནང་དུ་འཇིག་རྟེན་ཡོད།

    ཚོགས་རའི་ནང་སྤྱི་ཁྱབ་ཧྲུའུ་ཅིས་ཁོང་དང་གླེང་མོལ་ཡང་ཡང་གནང་སྟེ། “ཁྱེད་ཀྱིས་ངོ་སྤྲོད་བྱས་པའི་གནས་ཚུལ་ཐོས་རྗེས། དུས་རབས་གོང་མའི་ལོ་རབས་90པའི་ནང་རྒྱལ་ནང་དུ‘སྙིང་ཁམས་སྒྲོམ་སྐྱོར་གྱི་གཤགས་བཅོས’བྱེད་པ་ནི་ལས་སླ་པོ་ཞིག་མིན་པ་སེམས་ལ་འཁོར་བྱུང”ཞེས་གསུངས།

    “ད་ལྟ་སྙིང་ཁམས་ཁྲག་རྩའི་ཐད་ཀྱི་རྒྱུ་ཆ་རང་རྒྱལ་ནས་ཐོན་ཚད་ཧ་ཅང་མང་པོ་ཡོད་དམ”

    ཀྲང་ཅུན་ཅེས“རང་རྒྱལ་ནས་ཐོན་པའི་སྒྲོམ་སྐྱོར་དེ་གོ་ལ་ཧྲིལ་པོར་སྤྱོད་བཞིན་ཡོད། ལོ་དེ་དག་ནང་ངས་ཀྱང‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་རྒྱལ་ཁབ་ཏུ་བསྐྱོད་དེ་ཀྲུང་གོའི་གསར་གཏོད་ལག་རྩལ་དང་ཐོན་རྫས་སྤྱད་ནས་ནད་པ་སྐྱོབ་བཅོས་བྱེད་མྱོང”ཞེས་སྤོབས་སེམས་ཆེན་པོས་ལན་བསྐྱོན།

    “ཁྱོད་ཀྱིས་བཤད་པ་དེ་དག་ཉན་རྗེས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ། དེའི་ཐད་ང་ཚོར་ཡར་རྒྱས་ཧ་ཅང་ཆེན་པོ་བྱུང་འདུག་པས་མུ་མཐུད་འབད་བརྩོན་བྱེད་དགོས”

    ལས་རིགས་ཤིག་གི་འཕོ་འགྱུར་ལས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་མཐོང་ཐུབ། དེང་གི་ཀྲུང་གོ་ནི་གསར་གཏོད་ཀྱི་རྦ་རླབས་ལང་ལོང་དུ་འཕྱུར་བ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་རབ་ཏུ་འཕེལ་བའི་ཀྲུང་གོ་ཞིག་རེད། རང་རྒྱལ་གྱི་གོ་ལ་ཧྲིལ་པོའི་གསར་གཏོད་ནུས་པའི་མིང་གྲལ་རྒྱུན་མཐུད་མདུན་ཕྱོགས་སུ་སླེབས་ནས་ལོ་10ཡི་རིང་གསར་གཏོད་ནུས་པ་འཕར་མགྱོགས་ཤོས་ཀྱི་དཔལ་འབྱོར་དངོས་ཚན་གྱི་གྲས་ཤིག་རེད།

    “དཔལ་འབྱོར་ཞིང་ཆེན་ཆེན་པོས་འགན་འཁྲི་ལྕི་པོ་འཁུར་དགོས”ཞེས་པ་དེ་ནི་ད་ཐེངས་ཅང་སུའུ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་སྤྱི་ཁྱབ་ཧྲུའུ་ཅིས་གནང་བའི་མངགས་བཅོལ་ཟབ་མོ་རེད། ཁོང་གིས་གསུངས་པའི“འགན་འཁྲི་ལྕི་པོ་འཁུར་དགོས”ཞེས་པའི་ཤུགས་རྒྱག་ས་བཞིའི་ནང་གི་ཨང་དང་པོ་ནི“ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ཐད་སྣེ་ཁྲིད་བྱ་རྒྱུ་དེ་རེད”

    གསར་གཏོད་ནི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་སྒུལ་ཤུགས་ཨང་དང་པོ་དེ་རེད།

    སྤྱི་ཁྱབ་ཧྲུའུ་ཅིས“ལོ་འདི་དག་རིང་འབད་བརྩོན་བྱས་པ་བརྒྱུད། ཚན་རྩལ་གསར་གཏོད་ཀྱི་རྣམ་པ་ཟབ་པ་དང་ཐོན་ལས་གསར་གཏོད་ཀྱི་གྲུ་སྟོང་རླབས་གཤགས་བྱེད་པ་གཉིས་མཉམ་འདྲེས་ཀྱི་འཕེལ་ཕྱོགས་བཟང་པོ་ཡོད་མོད། འོན་ཀྱང་སྒྲིག་སྲོལ་ལམ་སྲོལ་ཁ་ཤས་ལམ་ལྷོངས་མ་བྱུང་བའི་གནད་དོན་སྔར་བཞིན་གནས་ཡོད། ཅང་སུའུ་ཡིས་ལེགས་གྲུབ་ལྡན་པའི་ཉམས་མྱོང་ཕྱོགས་སྡོམ་མཁས་པོ་བྱས་ནས་མངོན་གསལ་དོད་པའི་འགལ་ཟླ་ཐག་གཅོད་ཧུར་ཐག་བྱེད་དགོས”ཞེས་ནན་ཏན་ངང་གསུངས་པ་རེད།

    གསར་གཏོད་འཁོར་འབྲེལ་དང་ཐོན་ལས་འཁོར་འབྲེལ་སྲུབས་མེད་འབྲེལ་མཐུད་ཇི་ལྟར་བྱེད་དགོས་སམ།

    ཞིང་ཆེན་ཚན་རྩལ་ཐིང་ནས་ཡོང་བའི་འཐུས་མི་ཞུས་ཀོང་ཧུའེ་ཡིས་གཏམ་བཤད་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅིས“གསར་གཏོད་ལ་བཏང་བའི་མ་དངུལ་གྱིས་ནོར་སྲིད་ཀྱི་གཏོང་སྒོའི་བསྡུར་ཚད་ཇི་ཙམ་བཟུང་ཡོད་དམ”ཞེས་བཀའ་འདྲི་གནང་བར། 2022ལོ་དང་བསྡུར་ན་2024ལོར་ཅང་སུའུ་ཞིང་ཆེན་གྱི་ནོར་སྲིད་ཀྱིས་ཚན་རྩལ་གསར་གཏོད་ལ་མ་དངུལ་གཏོང་ཚད་16.2%འཕར་ཡོད་ཅེས་ལན་བསྐྱོན་པ་དང་། གསར་གཏོད་ལ་སྐུལ་འདེད་གཏོང་བར་ངར་ཤུགས་ཆེན་པོ་དང་ནུས་ཤུགས་ཡོད་རྒུ་འདོན་དགོས་ལ། བབ་དང་བསྟུན་ནས་གནད་སྨིན་དོན་འཁྱོལ་ཡང་བྱེད་དགོས་ཀྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་གསར་གཏོད་ཀྱི་ཐད“ད་ལྟ་ང་ཚོར་རྒྱལ་ཁབ་ཀྱི་བཀོད་ཇུས་དང་སྤྱི་ཡོངས་ཀྱི་འཆར་འགོད་ཡོད་མོད། འོན་ཀྱང་ཞིབ་ཕྲ་ས་གནས་ཁག་གི་ཆ་རྐྱེན་ལ་བལྟས་ནས་ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་བྱེད་དགོས”ཞེས་གསུངས་པ་རེད།

    གསར་གཏོད་ཀྱིས་སྔར་བྱུང་མྱོང་མེད་པའི་ཤུགས་ཚད་ཐོག་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་བསྐྱར་དུ་འདིང་བཞིན་ཡོད། “ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་བྱ་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཐབས་ལམ་ཞིག་རེད” ན་ནིང་ཚོགས་འདུ་གཉིས་འཚོགས་རྗེས་ད་ལོ་སྤྱི་ཁྱབ་ཧྲུའུ་ཅིས་སླར་ཡང་ཅང་སུའུ་ཚོགས་པའི་ནང་ཐོན་སྐྱེད་ནུས་ཤུགས་གསར་མའི་སྐོར་གླེང་གནང་བ་སྟེ“ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རང་རེའི་རྒྱལ་ཁབ་ཀྱིས་དེང་རབས་དཔལ་འབྱོར་གྱི་རླབས་རྒྱུན་ཆེན་པོའི་ཁྲོད་ཐོག་མཐའ་བར་གསུམ་དུ་རླབས་རྒྱུན་བཟོ་བའི་ནུས་པ་རྒྱུན་འཁྱོངས་བྱེད་དགོས”ཞེས་པ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།