དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2025ལོའི་ཀྲུང་གོ་དང་ཨུ་རུ་སུའི་སན་ཡ་ཡི་བགྲོ་གླེང་ཧའེ་ནན་དུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-03-07

     མིག་སྔར་ཀྲུང་གོ་སྤྱི་པའི་ཕྱི་འབྲེལ་མཐུན་ཚོགས་དང་། ཨུ་རུ་སུའི་རྒྱལ་སྤྱིའི་ལས་དོན་ཨུ་ལྷན། དེང་རབས་ཀྲུང་གོ་དང་འཛམ་གླིང་ཞིབ་འཇུག་ཁང་། པེ་ཅིང་གླེང་མོལ་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་2025ལོའི་ཀྲུང་གོ་དང་ཨུ་རུ་སུའི་སན་ཡ་ཡི་བགྲོ་གླེང་ཧའེ་ནན་དུ་འཚོགས་པ་རེད།

    ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་ཧན་ཧུའེ་ཡིས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་སྣེ་ཁྲིད་འོག ཀྲུང་ཨུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་ནང་སྐྱེས་སྒུལ་ཤུགས་འདང་ངེས་ལྡན་པས་བརྟན་བགྲོད་རྒྱང་འཁྱོལ་ཡོང་ངེས་རེད། ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པའི་ཐོག་ལངས་ནས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་ཀྱི་ཐུན་མོང་ངོས་འཛིན་རྩ་བའི་བརྩི་སྲུང་བྱ་ཡུལ་དུ་བྱས་ནས་ཀྲུང་ཨུའི་འབྲེལ་བའི་དཔྱིད་ཀྱི་གཏམ་རྒྱུད་དེ་བས་མང་བ་མུ་མཐུད་རྩོམ་རྒྱུ་ཡིན་ཞེས་བརྗོད།

    ཀྲུང་གོར་བཅའ་སྡོད་ཨུ་རུ་སུའི་གཞུང་ཚབ་ཆེ་མོ་བ་མོར་ཀུའུ་ལུའོ་ཧྥུའུ་ཡིས། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་སྐུ་ངོ་མས་སྣེ་ཁྲིད་གནང་བའི་འོག་ཀྲུང་ཨུའི་འབྲེལ་བ་བརྟན་པོ་དང་སྐྱོན་བྲལ་བྱུང་བ་མ་ཟད། གསོན་ཤུགས་ཀྱིས་ཁེངས་པའི་སྒོ་ནས་འཕེལ་རྒྱས་འགྲོ་བཞིན་པ་དང་དཔལ་འབྱོར་ཚོང་དོན་སོགས་ཁྱབ་ཁོངས་མང་པོའི་མཉམ་ལས་བརྟན་པོའི་ངང་འཕེལ་རྒྱས་བྱུང་ཡོད་ཅེས་བརྗོད།

    བགྲོ་གླེང་ཚོགས་འདུའི་ཐོག་ཀྲུང་ཨུའི་འཐབ་ཇུས་དང་། ཕྱི་འབྲེལ། རིག་མཛོད། དངུལ་རྩ། བཟོ་ཚོང་། སྨྱན་སྦྱོར་སོགས་ཁྱབ་ཁོངས་མང་པོའི་རིགས་གཅིག་མཁས་ཅན་དང་མཁས་དབང་30ལྷག་ཙམ་གྱིས་སྤེལ་རེས་གཏིང་ཟབ་བྱས་ནས་ཀྲུང་ཨུའི་འཐབ་ཇུས་མཉམ་ལས་དང་། ཕྱོགས་མང་རིང་ལུགས་སྲུང་སྐྱོང་། མི་ཆོས་རིག་གནས་སྤེལ་རེས་གཏིང་ཟབ་སོགས་ཀྱི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།