དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • དིང་རིའི་ས་ཡོམ་བརྒྱབ་ཁུལ་དུ་སློབ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-07

    ཟླ་3ཚེས་5ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར། རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད། དིང་རིའི་ས་ཡོམ་བརྒྱབ་ཁུལ་གྱི་2025ལོའི་སློབ་གྲྭ་འབྲིང་ཆུང་གི་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པའི་མཛད་སྒོ་དིང་རི་རྫོང་ཨུ་ཡོན་ལྷན་ཁང་ཏང་གི་སློབ་གྲྭར་འཚོགས་ཤིང་། རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་། གཞིས་རྩེ་གྲོང་ཁྱེར། དིང་རི་རྫོང་བཅས་ཀྱི་འགན་འཁུར་བློ་མཐུན་དང་། དིང་རི་རྫོང་སློབ་འབྲིང་དང་། ཆུ་ལྷོ་ཤང་ཆ་ཚང་སློབ་ཆུང་། མཚོ་སྒང་ཤང་ཆ་ཚང་སློབ་ཆུང་བཅས་ཀྱི་དགེ་སློབ་ཀྱི་འཐུས་མི་བཅས་ཁྱོན་མི་200ལྷག་ཙམ་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་ཡོད་པ་རེད།

     འདི་ནི་མཚོ་སྒང་ཤང་སློབ་ཆུང་སློབ་མ་ཚོས་སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི་ཐོག《ཇོ་རིའི་འདབས་ནས་རྡོག་ཐོན》ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་གློག་བརྙན་ལྟ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།