2024ལོ་ནས་2025ལོའི་འགྲན་དུས་ཀྱི་རྒྱལ་ཡོངས་རི་ཀླུང་གངས་ཤུད་ཀྱི་ཨང་དང་པོའི་འགྲན་བསྡུར་གཉེར་བ།
རང་ལྗོངས་ཀྱི་ལུས་རྩལ་པར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ།
ཉིན་ཤས་གོང་། གསར་འགོད་པས་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱས་པར། 2025ལོའི་ཟླ་2ཚེས་24ནས་ཟླ་3ཚེས་2ཉིན་བར། 2024ལོ་ནས་2025ལོའི་འགྲན་དུས་ཀྱི་རྒྱལ་ཡོངས་རི་ཀླུང་གངས་ཤུད་ཀྱི་ཨང་དང་པོའི་འགྲན་བསྡུར་ཤིན་ཅང་ཨ་ལེ་ཐའེ་སར་ཁོའོ་པུའུ་རི་ཀླུང་གངས་ཤུད་ར་བར་གཉེར་བ་དང་། རང་ལྗོངས་ཀྱི་ལུས་རྩལ་པར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ནང་སྐྱེས་པ་དང་བུད་མེད་གཉིས་འདེད(སྤྱི་ལེ་10ཡི་སྲོལ་རྒྱུན་རྩལ་འགྲན+སྤྱི་ལེ་10ཡི་རང་མོས་རྩལ་འགྲན)དང་། མི་སྒེར་གྱི་ཐག་ཐུང(རང་མོས་རྩལ་འགྲན)སྤྱི་ལེ་10ཡི་བར་ཐོན(སྲོལ་རྒྱུན་རྩལ་འགྲན) ཚོགས་པའི་ཐག་ཐུང(སྲོལ་རྒྱུན་རྩལ་འགྲན) སྤྱི་ལེ་50ཡི་མཉམ་ཐོན(རང་མོས་རྩལ་འགྲན)སོགས་ཀྱི་རྣམ་གྲངས་བཀོད་སྒྲིག་བྱས་ཡོད་ཅིང་། རྒྱལ་ཡོངས་ཀྱི་འགྲན་ཞུགས་འཐུས་མིའི་རུ་ཁག་18ནས་ཡོང་བའི་ལུས་རྩལ་པ་400ཙམ་འགྲན་བསྡུར་ལ་ཞུགས་པ་རེད། རང་ལྗོངས་ཀྱི་རི་འཛེག་རུ་ཁག་གངས་ཤུད་མཉམ་སྦྱོང་རུ་ཁག་གི་རི་ཀླུང་གངས་ཤུད་ལུས་རྩལ་པ་ཚེ་རིང་དགྲ་འདུལ་དང་། སྐལ་བཟང་ཆོས་སྒྲོན། འཕྲིན་ལས་ཟླ་བ་བཅས་ད་ཐེངས་ཀྱི་འགྲན་བསྡུར་ལ་ཞུགས་ཡོད་པ་རེད།