བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ལ་ཞུགས་པ།
ཟླ་3ཚེས་5ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པར་རིགས་ཁོངས་དབྱེ་ནས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་གྱི་སྙན་སྒྲོན་ལ་གྲོས་བསྡུར་གནང་བ་རེད།
བསོད་ནམས་ཉི་མ་དང་། ལྕགས་རྭ་བློ་བཟང་བསྟན་འཛིན། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། རྡོ་རྗེ་ཚེ་སྒྲུབ། བཀྲ་ཤིས་ཟླ་བ། ངག་དབང་། ཞུས་ཅན་ཅུན་སོགས་རང་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་ཚོ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་པ་མ་ཟད་རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ལའང་ཞུགས་པ་རེད།
ཨུ་ཡོན་ཚོས། ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གནང་བའི་ལས་དོན་སྙན་སྒྲོན་གྱི་འགོ་ནས་མཇུག་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྱབ་པ་དང་། ལས་དོན་ཕྱོགས་སྡོམ་བྱས་པ་དེ་ཕྱོགས་ཡོངས་དང་ལུགས་དང་མཐུན་ཞིང་དངོས་ཐོག་བདེན་འཚོལ་ཡིན་པ། བཀོད་སྒྲིག་བྱས་པའི་ལས་འགན་དང་དམིགས་ཚད་ཁ་གསལ་ཞིང་གཙོ་གནད་འབུར་དུ་ཐོན་པ་དེར་ཚད་མཐོའི་ཆབ་སྲིད་ཀྱི་རང་བཞིན་དང་། མངོན་གསལ་དོད་པའི་དུས་རབས་ཀྱི་རང་བཞིན། མཛུབ་ཁྲིད་རང་བཞིན་ཧ་ཅང་ཆེན་པོ་བཅས་ལྡན་པ་དང་། དེ་ནི་དར་ཆ་མཐོན་པོར་བསྒྲེངས་པ་དང་། སྲོག་ཤིང་ལ་སྲུང་སྐྱོང་བྱེད་པ། སེམས་ནུས་གཅིག་སྒྲིལ། མི་སེམས་ལ་ཡར་སྐུལ་ཐེབས་པ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་ཡིན་པའི་ངོས་འཛིན་གནང་བ་མ་ཟད། རྦད་དེ་མོས་མཐུན་ཡོད་ཅེས་ཀྱང་གསུངས་པ་རེད།
ཨུ་ཡོན་ཚོས་གཏམ་བཤད་གནང་སྐབས། ལོ་གཅིག་གི་རིང་། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱས་ཏེ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་ཚོགས་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ནས་རང་འགན་གཙང་སྒྲུབ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ་བཅས་ཀྱིས་ལས་དོན་ཁག་ལ་འཕེལ་རིམ་གསར་པ་བྱུང་ཡོད། ལོ་གཅིག་གི་རིང་། རང་སྐྱོང་ལྗོངས་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་ལྷག་པར་དུ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་ཚོགས་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་མཐའ་འཁྱོངས་བྱེད་པ། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་གང་ལེགས་བཏོན་ཡོད་པའི་ངོས་འཛིན་གནང་བ་རེད།
ཨུ་ཡོན་ཚོས་གྲོས་ཞིབ་གནང་སྐབས་འདས་ཟིན་པའི་ལོ་གཅིག་གི་གྲོས་གཞིའི་ལས་དོན་གྱི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཚང་མས། ཞིབ་ཚགས་ཤིང་དམ་པ་དོན་གཉེར་གྱི་སྙན་སྒྲོན་གཉིས་ལས་སྲིད་གྲོས་ལས་དོན་གྱི་གྲུབ་འབྲས་གང་ལེགས་མངོན་པ་དང་ལོ་གསར་པའི་ལས་དོན་གྱི་འཆར་གཞི་བཀོད་ཡོད་པས། སླད་ཕྱིན་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཀྱིས་སྤུས་ཚད་མཐོ་བའི་ཇུས་འདོན་གྱི་གྲུབ་འབྲས་ཆགས་པར་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་འགན་སྒྲུབ་ལག་ལེན་ཁྲོད་དོན་འཁྱོལ་བྱས་ཏེ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ནུས་ཤུགས་ཡོད་རྒུས་བྱས་རྗེས་གསར་པ་འཇོག་པ་དང་སྟོབས་ཤུགས་གསར་པ་སྐྱེས་སུ་འབུལ་གྱི་ཡིན་ཞེས་གསུངས་པ་རེད།
རིགས་ཁོངས་ཁག་གི་གྲོས་བསྡུར་ནང་། ཨུ་ཡོན་ཚོས་ད་དུང་རང་འགུལ་ངང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60སོང་རིང་གི་འཕེལ་རྒྱས་ཡར་ཐོན་གྱི་ལོ་རྒྱུས་ལམ་བུ་དང་དུས་རབས་གསར་པའི་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་སྤྲོད་ཧུར་ཐག་གནང་བ་རེད། ཨུ་ཡོན་ཚོས་སྣེ་ཁྲིད་དེ་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱས་ཏེ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་། གནད་སྨིན་ཤུགས་འདོན་དང་འགན་འཁུར་གཙང་སྒྲུབ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་ཕྱོགས་ཡོངས་ནས་སྐྲུན་པར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་གསུངས་པ་རེད།