དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ཀྱིས“ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྣ་ཚོགས་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-06

    ཟླ་3ཚེས་5ཉིན། ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དྲན་གསོའི་ཉིན་མོ་ཐེངས་62པ་འཆར་ཉེའི་མཚམས་སུ། རང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྣ་ཚོགས་སྤེལ་ནས་ལེ་ཧྥུང་ལ་སློབ་སྦྱོང་དང་། བཟང་བཀུར་དགེ་ཕྱོགས། གདོང་ལེན་པ་བརྩོན་ལེན་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད། བྱེད་སྒོར་ཞུགས་མཁན་ལས་བྱེད་པ་དང་མང་ཚོགས་ཚོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དང་བླངས་ཞབས་ཞུའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་རང་རྟོགས་ངང“ལེ་ཧྥུང་གི་སྙིང་སྟོབས”ལྷག་བསམ་རྣམ་དག་གི་རྒྱུན་འཛིན་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་དཔེ་བཟང་ལག་ལེན་པ་ཞིག་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

    ཟླ་3ཚེས་5ཉིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་བསྟན་རྒྱས་གླིང་སྡེ་ཁུལ་གྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱི་དང་བླངས་པ་སྒྲིག་འཛུགས་བྱས་ཏེ“ལེ་ཧྥུང་ལ་སློབ་སྦྱོང་བྱེད། ཤེས་དཔལ་ལག་ལེན་བསྟར་བར་ང་ཡིས་བྱ་སྤྱོད་སྤེལ”ཞེས་པའི་སྲང་ལམ་ཆེད་དོན་བཅོས་སྒྲིག་བྱེད་སྒོ་སྤེལ་ནས། སྲང་ལམ་ནང་གི་འཕྲུལ་སྒུལ་མིན་པའི་འཁོར་རིགས་གང་བྱུང་དུ་འཇོག་པ་དང་ལམ་བཟུང་གཉེར་སྐྱོང་བྱེད་པ་སོགས་ཀྱི་གནད་དོན་བཅོས་སྒྲིག་བྱས་ཏེ་ཤེས་དཔལ་དང་། ཞི་མཐུན། གནས་འཕྲོད་བཅས་ཀྱི་སྡེ་ཁུལ་གྱི་ཁོར་ཡུག་བཏོད་པ་རེད།

    ཟླ་3ཚེས་5ཉིན། གྲོ་མོ་རྫོང་ཕག་རི་གྲོང་རྡལ་སྡེ་ཁུལ་གྲོང་ལྷན་བཞི་པར་བཅའ་སྡོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གི་ལས་དོན་རུ་ཁག་གིས་ཕག་རི་གྲོང་རྡལ་མཐའ་མཚམས་མངགས་གཏོང་ཁང་དང་མཉམ་དུ་སྡེ་ཁུལ་གྱི་ལོ་80ཡན་གྱི་རྒན་རྒོན་5ལ་མི་སེམས་དྲོ་བའི་བརྒྱད་བཅུ་གོས་དཀར་གྱི་རྟེན་འབྲེལ་བྱེད་སྒོ་སྤེལ་བ་རེད།

    ཟླ་3ཚེས་5ཉིན་གྱི་སྔ་དྲོར། ནག་ཆུ་གྲོང་ཁྱེར་སོག་རྫོང་རྫོང་ཨུད་དྲིལ་བསྒྲགས་པུས་ཚན་པ་མང་པོ་དང་མཉམ་དུ་རྫོང་གྲོང་དུ“ལེ་ཧྥུང་གི་སྙིང་སྟོབས་དར་སྤེལ་བཏང་ནས་འབྱོར་ཕྱུག་དང་ཞི་མཐུན་ལྡན་པའི་སོག་རྫོང་མཉམ་དུ་སྐྲུན་པ”བརྗོད་དོན་གཙོ་བོར་བྱེད་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས། རྒྱ་ཆེའི་མང་ཚོགས་ལ་ལེ་ཧྥུང་གི་སྙིང་སྟོབས་དར་སྤེལ་ཧུར་ཐག་གཏོང་བ་དང་། དང་བླངས་རིག་གནས་ཁྱབ་གདལ་ཤུགས་ཆེན་བཏང་སྟེ། ས་དཔལ་གྲོང་ཁྱེར་སྐྲུན་ཆེད་ཐུན་མོང་ཐོག་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་འབོད་སྐུལ་བྱས་པ་རེད།

    ཟླ་3ཚེས་5ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར། ཆབ་མདོ་གྲོང་ཁྱེར་མུ་ཏིག་སྤྱི་གླིང་དུ་ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག“མེ་ལྕེ་སྔོན་པོ”དང་བླངས་ཞབས་ཞུ་རུ་ཁག་གི་བཀོད་འཐབ་པས་ལུས་ལ་ལས་གོས་མནབས་ཤིང་གཙང་སྦྲའི་ཡོ་བྱད་ཁྱེར་ནས་དང་བླངས་ཞབས་ཞུའི་བྱ་སྤྱོད་སྤེལ་ཏེ་ལས་འགོ་བསྐྱར་འཛུགས་ཀྱི་ཉིན་དང་པོ་འགོ་ཚུགས་པ་རེད། དང་བླངས་པ་ཡོངས་ཀྱིས་ཁུག་ཀྱོག་ཚང་མའི་གད་སྙིགས་གཙང་སེལ་བྱས་ཏེ་མུ་ཏིག་སྤྱི་གླིང་གསར་རྐྱང་དུ་འགྱུར་བར་བྱས་ནས། གྲོང་མིར་དེ་བས་གཙང་ཞིང་མཛེས་སྡུག་ལྡན་པའི་སྤྲོ་གསེང་ཁོར་ཡུག་ཅིག་བསྐྲུན་པ་རེད།

    ཟླ་3ཚེས་5ཉིན། དང་བླངས་པ་ཉིང་ཁྲི་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དང་བྲག་ཡིབ་ཆུས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ་བསྐྱོད་དེ་གཙང་སྦྲ་བྱས་པ་མ་ཟད། རྒན་རྒོན་དང་ཕྲུ་གུ་ཚོའི་འཚོ་བའི་དགོས་མཁོ་ཤེས་རྟོགས་བྱས་ནས་རྒན་རྒོན་ལ་འཚོ་བའི་མཁོ་ཆས་དང་ཕྲུ་གུ་ཚོར་ཤོག་བུ་ཚོན་ཁྲ་ཅན་དང་པིར་སྨྱུག་སོགས་ཀྱི་ལག་རྟགས་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།