དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་གིས།

    “ཤེས་དཔལ་ལག་ལེན+”ཀྱི་རྣམ་པར་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་སྒུལ་ནུས་གསར་པ་འཕེལ་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-06

    འདི་ནི་ཆུ་གསུམ་རྫོང་གིས“ཁྱིམ་སྲོལ་བཟང་པོ་དར་བར་བྱས་ནས་ཤེས་དཔལ་ཁྱིམ་ཚང་གཏོད་པའི”ཁྱིམ་ཚང་སློབ་གསོའི་ཆེད་དོན་འཆད་ཁྲིད་བྱེད་བཞིན་པ།

    འདི་ནི་དང་བླངས་པས་མང་ཚོགས་ལ་སྐར་བརྗེའི་སྒྲིག་སྲོལ་སྐོར་འགྲེལ་བཤད་རྒྱག་བཞིན་པ།

    འདི་ནི་ཆུ་གསུམ་རྫོང་གིས“རིག་རྩལ་སྐོར་འཁྲབ་གྲོང་གསེབ་ཏུ་བྱས་ནས། སྲིད་ཇུས་དྲིལ་བསྒྲགས་ལ་བརྟེན་ནས་དམངས་སེམས་དྲོད”ཅེས་པའི་འཁྲབ་སྟོན་བྱེད་སྒོ་སྤེལ་བཞིན་པ།

    2024ལོར་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས་མང་ཚོགས་ལ་དྲིལ་བསྒྲགས་བྱེད་པ་དང་། མང་ཚོགས་ལ་སློབ་གསོ་གཏོང་བ། མང་ཚོགས་ལ་སྣེ་ཁྲིད་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ། ཤེས་དཔལ་ལག་ལེན་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”སེལ་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། ནང་དོན་དང་རྣམ་པ་གསར་གཏོད་བྱས་པ་དང་། ཤེས་དཔལ་སྐྱེད་སྲིང་དང་། ཤེས་དཔལ་ལག་ལེན། ཤེས་དཔལ་འཛུགས་གཏོད་བཅས་ཀྱི་ལས་དོན་ཁག་ལ་མུ་མཐུད་སྐུལ་འདེད་བཏང་བས། རྫོང་ཡོངས་སུ་ཤེས་དཔལ་ལག་ལེན་བྱེད་སྒོ་ཁག་མེ་ཏོག་སྣ་བརྒྱ་བཞད་པ་ལྟར་གྱི་གསོན་ཉམས་དོད་པའི་རྣམ་པ་ཞིག་མངོན།

    ཆུ་གསུམ་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཏེ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)ཀྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་པ་དང་གཞི་རིམ་གྱི་སྒྲོག་འགྲེལ་པ་42ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་གཅིག་སྡུད་སྒྲོག་འགྲེལ་དང་། སྐོར་སྐྱོད་སྒྲོག་འགྲེལ། གྲོང་ཚོའི་རྒྱང་བསྒྲགས་ནས་སྒྲོག་འགྲེལ། རིག་རྩལ་སྒྲོག་འགྲེལ། དྲ་རྒྱའི་ལས་སྟེགས་ནས་སྒྲོག་འགྲེལ་སོགས་ཀྱི་རྣམ་པ་འདྲ་མིན་ལ་བརྟེན་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་།“1+3”གྱི་འདུ་ཤེས་བཞི། གོམས་སྲོལ་སྒྱུར་བ། 《ལྷོ་ཁ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་སྐུལ་སྤེལ་སྲོལ་ཡིག》སོགས་ཀྱི་ནང་དོན་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་དམངས་ཕན་སྲིད་ཇུས་མང་ཚོགས་ལ་དྲིལ་བསྒྲགས་ཏན་ཏིག་བྱས་པ་རེད།

    2024ལོར་ཆུ་གསུམ་རྫོང་གིས་རྣམ་པ་གསར་གཏོད་ཀྱིས“སྲིད་ཇུས་སྒྲོག་འགྲེལ་དང་། འཕེལ་རྒྱས་གླེང་བ། ཁོར་ཡུག་ལེགས་གཏོང་། ཞི་མཐུན་ལ་སྐུལ་འདེད”བཅས་ཀྱི་དམངས་ལ་ཞབས་འདེགས་ཞུ་བའི་བྱེད་སྒོ་དང“སྒྲོག་འགྲེལ་པ་རྩེ་གྲ་བཅུས”སྒྲོག་འགྲེལ་བྱེད་རེས་ཀྱི་བྱེད་སྒོ་སྤེལ་བར་བོད་ལྗོངས་ཧ་ཧུའུ་གཞས་མ་གཏམ་སྒྱུ་རྩལ་ཚོགས་པ་གདན་དྲངས་ནས“རིག་རྩལ་སྐོར་འཁྲབ་གྲོང་གསེབ་ཏུ་བྱས་ནས། སྲིད་ཇུས་སྒྲོག་འགྲེལ་ལ་བརྟེན་ནས་དམངས་སེམས་དྲོད”ཅེས་པའི་སྐོར་སྐྱོད་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས“མི་སེར་དཀྱུས་མའི་ཁྱིམ་དུ་སྒྲོག་འགྲེལ་བྱེད་པར”སྐུལ་འདེད་ཏན་ཏིག་བཏང་ཡོད། རྫོང་ཡོངས་སུ་རིམ་རྩིས་བརྒྱབ་ན། རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ཐེངས་600ལྷག་ཙམ་བྱས་པར་མང་ཚོགས་མི་ཐེངས་ཁྲི་3.8ལྷག་ཙམ་ལ་ཕན་པ་ཐོབ་ཡོད།

    2024ལོར་ཆུ་གསུམ་རྫོང་གིས་གྲོང་གསེབ་དར་རྒྱས་དང་། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་། ཤེས་དཔལ་འཛུགས་གཏོད་སོགས་ཀྱི་གཙོ་གནད་ནང་དོན་ལ་དམིགས་ཏེ། “ཤེས་དཔལ་གྲོང་ཁྱེར་ཐུན་མོང་དུ་བཏོད་ནས་མཛེས་སྡུག་ལྡན་པའི་འཚོ་བར་མཉམ་དུ་རོལ་བ”དང་།“ལོ་གསར་གྱི་རྣམ་པ་ཟབ། དཔྱིད་གསར་དགའ་བས་བསུ” “‘མཉམ་འཛོམས་ཀྱི་དུས་སུ་ཁྱིམ་ཚང་ཁྲི་སྟོང་ལ་དྲོ་སྐྱིད་སྦྱིན་པའི’རིན་མེད་ཀྱི་ནང་མི་མཉམ་འཛོམས་ཀྱི་མཉམ་པར་རྒྱག་པ” “ལེ་ཧྥུང་ལ་སློབ་སྦྱོང་བྱེད། ཤེས་དཔལ་ལག་ལེན་ལ་ང་ཡིས་འབད” “ང་ཚོའི་དུས་ཆེན། བསམ་པའི་ཁྱིམ་གཞིས”“གཉེན་རྟེན་མཐོན་པོ་བཀག་འགོག་བྱས་ནས་ཤེས་དཔལ་གྱི་གཉེན་སྒྲིག་གོམས་སྲོལ་དར་སྤེལ་གཏོང་བའི་གོམས་སྲོལ་སྒྱུར་བའི་དྲིལ་བསྒྲགས”“ཇ་ཁང་ནང་ཏང་གི་བཀའ་དྲིན་གླེང་བ”“དྲ་མིག་བདེ་འཇགས་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་དྲ་རྒྱའི་བདེ་འཇགས་མི་དམངས་ལ་བརྟེན་པ”“རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་བ”སོགས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ། དཔེ་སྟོན་སྣེ་ཁྲིད་དང་། ཤེས་དཔལ་ལག་ལེན། དང་བླངས་ཞབས་ཞུ། གོམས་སྲོལ་སྒྱུར་བ་བཅས་དེ་དག་ཚང་མའི་ཁྲོད་དགེ་བརྩོན་ཡར་ཐོན་གྱི་དུས་རབས་ཀྱི་རླབས་རྒྱུན་གསར་པ་ཆགས་པར་བྱས་ཡོད། 2024ལོར་ཆུ་གསུམ་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)ཀྱིས་རིམ་རྩིས་བརྒྱབ་ན། དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས་460ལྷག་ཙམ་སྤེལ་བར་མང་ཚོགས་མི་ཐེངས་ཁྲི་3.61ལྷག་ཙམ་ལ་ཕན་པ་ཐོབ་ཡོད།

    “དྲ་འཕྲིན་ཆུ་གསུམ”གྱི་སྐད་འཕྲིན་སྤྱི་རྟགས་དང“ཆུ་གསུམ་མཉམ་འདྲེས་སྨྱན་སྦྱོར”གྱི་འཁྱུག་དབྱིངས་སྤྱི་རྟགས་གཉིས་དྲིལ་བསྒྲགས་ཀྱི་གཞི་རྟེན་གཙོ་བོར་བྱས་ཏེ། ཁྲིམས་ལུགས་ཁྱབ་གདལ་གྱི་ཆེད་བསྒྲིགས་ལེ་ཚན་ཐེངས་17དང་། བདེ་ཐང་ཤེས་བྱའི་ཆེད་བསྒྲིགས་ལེ་ཚན་ཐེངས་11 བདེ་འཇགས་ཤེས་བྱའི་ཆེད་བསྒྲིགས་ལེ་ཚན་ཐེངས་23བཅས་བཏོན་པ་མ་ཟད། 《ལྷོ་ཁ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་ཀྱི་སྐུལ་སྤེལ་སྲོལ་ཡིག》གི་དྲིལ་བསྒྲགས་སྒྲོག་འགྲེལ་བརྙན་ཐུང་ཐེངས་4ཕབ་བཟོ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།