དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འཐུས་མི་ཝུའུ་ཧུའེ་ཧྥང་གིས་གསུངས་དོན།

    དམངས་ཀྱི་སྐད་ཆ་ཉན་པ་དང་དམངས་ཀྱི་ཆེད་དུ་སྐད་ཆ་མང་ཙམ་ཤོད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཆི་ཡུས་ཁུན།   |     སྤེལ་དུས།  2025-03-06

    ཡུན་རིང་མ་སོང་གོང་། ཅང་སུའུ་ཞིང་ཆེན་ཀྲང་ཅ་ཀང་གྲོང་ཁྱེར་ནན་ཧྥུང་གྲོང་རྡལ་ཡུང་ལན་གྲོང་ཚོའི“ཡུང་ལན་དོན་གྲོས་ཁང”དུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཡུང་ལན་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་ཧུའེ་ཧྥང་གིས་གྲོང་ཚོའི་འཐུས་མི་ཚོ་ཡང་བསྐྱར་བསྐོངས་ནས“རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་ལ་ཉེ་བས་ཚང་མས་རང་ཉིད་ཀྱི་བསམ་འཆར་དང་གྲོས་འགོ་མང་ཙམ་འདོན་རོགས”ཞེས་གསུངས།

    གྱང་དཀར་རྫ་ལེབ་ཀྱི་དོན་གྲོས་ཁང་ནང་གྲོང་མི་ཚོས་གྲོས་བསྡུར་ཚ་ཚ་འུར་འུར་བྱེད་ཅིང་། དེ་གར་གྲོང་སྲོལ་དམངས་ཆིངས་ཁག་20ལྷག་ཙམ་ཐོན་པའི་བདེན་དཔང་བྱེད་མྱོང་བ་དང་། དེ་དག་གྲོང་མིའི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བའི་བྱ་བ་སྣ་ཚོགས་ཡིན་པས་ཚང་མས་ཡག་པོ་ཉན་ནས་གྲོས་བསྡུར་མང་ཙམ་བྱེད་དགོས་པ་མ་ཟད། ཚང་མས་མཉམ་སྡེབ་གྲོས་བསྡུར་བྱས་ནས་ཐག་གཅོད་དགོས་ཀྱི་ཡོད་པ་རེད།

    “གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་ལ་སྐུལ་འདེད་བཏང་ནས་ཐུན་མོང་འབྱོར་ཕྱུག་ཡོང་བའི་འགག་རྩ་ནི་མཉམ་སྐྲུན་མཉམ་བཅོས་མཉམ་རོལ་བཅས་ལ་ཐུག་པས། ཚང་མ་གཞི་རིམ་གྱི་བཅོས་སྐྱོང་ནང་ཞུགས་སུ་འཇུག་དགོས”ཞེས་ཝུའུ་ཧུའེ་ཧྥང་གིས་ངོ་སྤྲོད་གནང་བ་རེད།

    “ཡུང་ལན་གྲོང་ཚོར་བྱུང་བའི་བདེ་སྐྱིད་དེ་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་བསམ་སྤྱོད་གཅིག་མཐུན་ལས་བྱུང་བ་ཞིག་དང་ཚང་མས་མཉམ་དུ་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་རེད། ཤོད་སྲོལ་གསར་ཤོས་ནས་བཤད་ན། འདི་ནི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་རེད”ཅེས་ཝུའུ་ཧུའེ་ཧྥང་གིས་འཛུམ་དམུལ་དམུལ་ངང་གསུངས་པ་དང་། དེ་ཡང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ཁོང་གི་འགན་སྒྲུབ་ཀྱི་མྱོང་ཚོར་ཟབ་ཤོས་ཤིག་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མིར་བདམས་པ་ནས་བཟུང་འདི་ལོ་ནི་ཝུའུ་ཧུའེ་ཧྥང་གི་འགན་སྒྲུབ་ཀྱི་ལོ་བརྒྱད་པ་དེ་རེད།ཁོང་གིས་སྔ་རྗེས་སུ་གྲོང་གསེབ་བཅོས་སྐྱོང་གི་ལམ་སྲོལ་དང་སྒྲིག་སྲོལ་སྒྱུར་བཅོས་བྱེད་ཟབ་ཏུ་གཏོང་བ་དང་གྲོང་གསེབ་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ལ་དམིགས་ནས་གྲོས་འགོ་ཁག་20ལྷག་ཙམ་བཏོན་གནང་ཞིང་། དེའི་ནང《རྒན་གསོའི་རོགས་རེས་དང་བླངས་ཞབས་ཞུའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་གྲོས་འགོ》དེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་གཙོ་གནད་སྒྲུབ་སྐུལ་གྱི་གྲོས་འགོའི་ནང་བཅུག་པ་རེད།

    “གྲོས་འགོ་ཚང་མ་ནི་ཏན་ཏན་ཏིག་ཏིག་དང་མང་ཚོགས་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱས་ནས་བྱུང་བ་ཞིག་རེད། མང་ཚོགས་ཀྱི་འདོད་བློ་དང་མཐུན་པའི་གྲོས་འགོ་ཡིན་ཕྱིན་གྲོས་འགོ་ཡག་པོ་ཞིག་དང་བཀོལ་སྤྱོད་ཐུབ་པའི་གྲོས་འགོ་ཞིག་ཡིན་པས། གཞི་ནས་དོན་ཐོག་ཏུ་འཁྱོལ་ཐུབ་པ་མ་ཟད། དམངས་འཚོའི་བྱ་དངོས་རེ་རེར་བསྒྱུར་ཐུབ”ཅེས་ཝུའུ་ཧུའེ་ཧྥང་གིས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།