དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཤ་ཚལ་སྒོང་གསུམ་འབེལ་དུ་ཕྱིན། མང་ཚོགས་འཚོ་བ་སྐྱིད་སྣང་དོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-05

    འདི་ནི་པ་སྣམ་རྫོང་བྱ་ཚང་སྔོ་ཚལ་ཐོན་ལས་ཚད་ཡོད་འགན་འཁྲི་ཀུང་སི་དང་པ་སྣམ་རྫོང་ཅིན་ཧྥུང་ཡོན་སྔོ་ཚལ་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་དྲོད་ཁང་ཆེན་པོ་ཡིན་པ།

    འདི་ནི་བོད་ལྗོངས་ལྗང་མདོག་འབྱུང་ཁུངས་ཀུང་སིའི་ལས་དོན་མི་སྣ་ཚེ་རིང་སྒྲོལ་མས་སྐྱེ་ལྡན་སྨི་ཀྭ་ཡི་སྐྱེ་འཚར་ལ་བརྟག་དཔྱད་བྱེད་བཞིན་པ།

    འདི་ནི་པ་སྣམ་རྫོང་བྱ་ཚང་སྔོ་ཚལ་ཐོན་ལས་ཚད་ཡོད་འགན་འཁྲི་ཀུང་སིའི་ལག་རྩལ་མི་སྣས་ཀྲོ་མ་ཀྲུའི་ཐོན་འབབ་ལ་ལྟ་བཞིན་པ།

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཀྱིས་ཤ་ཚལ་སྒོང་གསུམ་ལ་ཧྲི་ཀྲང་གིས་འགན་འཁུར་བའི་ལམ་ལུགས་ལག་བསྟར་ནན་ཏན་བྱས་ཏེ་སྲིད་གཞུང་གིས་ཁྲིད་སྟོན་དང་། གཉེར་སྐྱོང་བ་གཙོ་བོ། ཁྲོམ་ར་ཅན་གྱི་འཁོར་སྐྱོད་བཅས་བྱེད་པའི་བསམ་ཕྱོགས་མཐའ་འཁྱོངས་བྱས་ནས་རང་འགུལ་ངང་འགན་འཁྲི་འཁུར་བ་དང་བྱ་སྤྱོད་ཧུར་ཐག་སྤེལ་ཏེ། ཤ་ཚལ་སྒོང་གསུམ་ཐོན་རྫས་ཀྱི་ཐོན་སྐྱེད་འཕེལ་རྒྱས་དང་། ཁྲོམ་རའི་མཁོ་སྤྲོད། སྤུས་ཚད་བདེ་འཇགས་སོགས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་ཤུགས་ཆེན་བཏང་བས། མང་ཚོགས་གྱི་ཤ་ཚལ་སྒོང་གསུམ་འབེལ་དུ་ཕྱིན་ནས་སྐྱིད་སྣང་དོད་དུ་ཕྱིན་ཡོད་པ་རེད།

    སྣ་ཁ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་བ།

    ཉེ་ཆར། གསར་འགོད་པ་སྣེའུ་ཞིང་ཟོག་ཁྲོམ་རར་ཡོང་སྐབས། ཐོག་བརྩེགས་གཉིས་པའི་སྔོ་ཚལ་ཁྲོམ་བཀྱགས་སུ་པད་ཚལ་དང་། ཀྲོ་མ་ཀྲུ ཀོ་ཕིག་སོགས་སྔོ་ཚལ་སོས་པ་གང་དགོས་ཡོད་པ་དང་། སྔོ་ཚལ་ཚོང་པས་ཁྲོམ་བཀྱགས་སུ་སྔོ་ཚལ་སྒྲིག་ཞོར་དུ་སྔོ་ཚལ་ཉོ་མཁན་ཚོར་སྤྲོ་སེམས་འཁོལ་པོས་སྣེ་ལེན་ཞུ་བཞིན་ཡོད་པ་རེད།

    “ཁྲོམ་རའི་ཉེ་འགྲམ་དུ་ངའི་ཁྱིམ་ཡོད་པས་རྟག་ཏུ་འདི་གར་སྔོ་ཚལ་ཉོ་བར་ཡོང་གི་ཡོད། འདི་གའི་སྔོ་ཚལ་ག་དུས་ཡིན་ཡང་སོས་པ་སོས་རྐྱང་རེད། སྣ་ཁ་ཡང་ཕུན་སུམ་ཚོགས་པོ་འདུག”ཅེས་སྔོ་ཚལ་ཉོ་མཁན་ལྷ་སའི་གྲོང་མི་ཨ་ཅག་ཕུའུ་ལགས་ཀྱིས་བཤད།

    ཤ་ཚལ་སྒོང་གསུམ་གྱི་ལས་གྲྭ་ནི་ཐོག་མཐའ་བར་གསུམ་དུ་རང་ལྗོངས་ཀྱིས་དམངས་འཚོ་ལེགས་སུ་གཏོང་བར་སྣང་ཆེན་བྱེད་པའི་ལས་དོན་གལ་ཆེན་ཞིག་རེད།

    “ང་ཚོས་སྔོ་ཚལ་གཙོས་ད་དུང་ཤིང་འབྲས་དང་ཤ་མོའི་རིགས་ཁག་ཅིག་ཀྱང་འདེབས་ཀྱི་ཡོད…”འདི་ལོ་ལོ་58ལ་སླེབས་པའི་ཚེ་རིང་ཕུན་ཚོགས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཤང་དེང་རབས་སྒྲིག་བཀོད་ཞིང་ལས་དཔེ་སྟོན་གླིང་དུ་ལས་ཀ་བྱས་ནས་ལོ་བཅུ་གྲངས་ཕྱིན་པ་དང་། ནམ་རྒྱུན་ཁོང་གིས་གླིང་དེའི་རྒྱུན་གཏན་གྱི་དོ་དམ་ལས་འགན་འཁུར་གྱི་ཡོད། ཁོང་གིས“དང་ཐོག་ཞིང་ལས་དཔེ་སྟོན་གླིང་འདིར་བཏབ་པའི་སྔོ་ཚལ་སྣ་ཁ་མང་པོ་མེད། དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ཁྲོམ་རའི་དགོས་མཁོ་ཡང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས། སུར་པན་དང་ཆེ་ཙི་སོགས་ཁོ་ནས་འཛད་སྤྱོད་པའི་དགོས་མཁོ་སྐོང་ཐུབ་ཀྱི་མི་འདུག ཁྲོམ་རའི་དགོས་མཁོ་དེ་བས་ལེགས་པར་སྐོང་ཆེད། ང་ཚོས་འདེབས་རྒྱ་ཆེ་རུ་བཏང་བ་དང་ཆབས་ཅིག ད་དུང་སྔོ་ཚལ་གྱི་སྣ་ཁ་ཡང་མང་དུ་བཏང་བ་ཡིན”ཞེས་བཤད།

    སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ།

    སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་བསྟུན། ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་ཤང་ལྗང་གྲོང་ཚོ་སྐད་གྲགས་ཆོད་པའི“སྔོ་ཚལ་གྲོང་ཚོ”ཞིག་ཏུ་གྱུར་ཡོད། ཞིང་ཁ་བཏབ་ནས་ལོ་30ལྷག་ཙམ་སོང་བའི་ལྗང་གྲོང་ཚོའི་ཡུལ་མི་སྤེན་པ་ནི་བོད་ཀྱི་སྔོ་ཚལ་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པའི་དཔང་པོ་ཞིག་རེད། “སྔོན་ཆད་ང་ཚོས་སྤྱིར་ན་པད་ཚལ་དང་ཞོག་ཁོག་སོགས་འདེབས་ཀྱི་ཡོད། ད་ཆ་དྲོད་ཁང་ཆེན་པོ་བརྒྱབ་པས་ཤིང་ཏོག་དང་སྔོ་ཚལ་གྱི་སྣ་ཁ་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། འདི་གའི་ཤིང་ཏོག་དང་སྔོ་ཚལ་ལ་རྫས་ལུད་དང་ཞིང་སྨན་བརྒྱབ་མེད་པས་ལྷད་མེད་ཡིན”ཞེས་ཁོང་གིས་བཤད།

    འཚོ་བ་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། མི་རྣམས་ཀྱི་བཟའ་བཅའི་ཐད་ཀྱི་རེ་བ་ཡང་ཇེ་ཆེར་འགྲོ་བཞིན་ཡོད་ཅིང་། བཟའ་བཅའི་བྲོ་བ་ཞིམ་པོ་དགོས་པ་མ་ཟད། ད་དུང་གནོད་མེད་དང་འཚོ་བཅུད་ལེགས་པ་ཞིག་དགོས་ཀྱི་ཡོད།

    མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་སྐྱིད”འགན་ལེན་བྱེད་པ་ནི་དམངས་འཚོ་འགན་ལེན་གྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན། མང་ཚོགས་བློ་བདེ་པོའི་ངང་སྔོ་ཚལ་ཉོ་ཐུབ་པ་དང་ཟ་རྒྱུ་ཡོང་བ་བྱ་ཆེད། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་ཤ་ཚལ་སྒོང་གསུམ་གྱི་ལས་གྲྭ་གཙོ་གནད་ལས་དོན་དུ་བརྩིས་ཏེ། ཞིང་ལས་ཐོན་རྫས་ལ་ཞིབ་དཔྱད་ཚད་ལེན་རྒྱུན་ཆད་མེད་པར་ཤུགས་ཆེར་བཏང་ནས་ཞིང་ལས་ཐོན་རྫས“ཚད་གཞི་མ་ལོན་ན་ཁྲོམ་རར་མི་འདོན་པའི”འགན་ལེན་དང་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”སྲུང་སྐྱོང་ཡག་པོ་བྱས་ཏེ། མང་ཚོགས་ལ་ལྗང་མདོག་དང་ལྷད་མེད་ཀྱི་ཞིང་ལས་ཐོན་རྫས་མཁོ་འདོན་བྱས་པས། རྒྱ་ཆེའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

    མཁོ་སྤྲོད་རྒྱུན་མཐུད་ངང་མང་དུ་བཏང་བ།

    ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་རྩ་རི་ཤང་ནི་རང་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་ཤིང་། ཉེ་བའི་ལོ་ཤས་རིང་རྒྱལ་ལམ་219ཤར་གཏོང་ཐུབ་པ་དང་བསྟུན་ནས་དེ་གར་ཡུལ་སྐོར་ལས་རིགས་ཉིན་བཞིན་དར་རྒྱས་ཆེན་པོ་བྱུང་ཡོད། ཤང་ནས་གྲོང་ཚོའི་བར་དམངས་སྲོལ་གནས་ཚང་དང་ཡུལ་ཟོག་ཚོང་ཁང་ཕུད། ཚོང་ཡག་ཤོས་ནི་ཁྱད་ཆོས་ལྡན་པའི་ཟ་ཁང་དེ་དག་རེད།

    “ངས་རྩ་རི་ཤང་དུ་ཚོང་བརྒྱབ་ནས་ལོ་10འགྲོ་གི་འདུག ཟ་ཁང་ཡང་ཐེངས་འགའ་ཆེ་རུ་བཏང་བ་ཡིན། འདི་གར་མཐའ་མཚམས་ཡིན་ལ། ཐག་རིང་ལུང་ཁུག་ཏུ་གནས་པས་སྔོན་ཆད་རྫོང་དང་གྲོང་ཁྱེར་དུ་སྔོ་ཚལ་ཉོ་བར་འགྲོ་དགོས་པར་བརྟེན་སྟབས་བདེ་མེད་པ་མ་ཟད་འཕྲོ་བརླག་ཀྱང་འགྲོ་སླ་པོ་ཡོད། ད་ཆ་སྔོ་ཚལ་ཚོང་ཁང་རིམ་བཞིན་མང་དུ་ཕྱིན་ནས་ཁྱིམ་གྱི་སྒོ་ཁར་སྔོ་ཚལ་སོས་པ་ཉོ་ཐུབ། སྔོ་ཚལ་མཁོ་སྤྲོད་འདང་ངེས་དང་བཟའ་བཅའི་རྒྱུ་ཆ་འགན་ལེན་ཡོད་པས་ཚོང་ཡང་ཡག་པོ་འདུག”ཅེས་རྩ་རི་ཤང་ཁྲུང་ཆིང་ཟ་ཁང་གི་སྦྱིན་བདག་ཏུའུ་ལགས་ཀྱིས་བཤད།

    ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་སྲིད་ཇུས་ཀྱི་ཁྲིད་སྟོན་དང་རྣམ་གྲངས་རོགས་སྐྱོར་བརྒྱུད་ཤ་ཚལ་སྒོང་གསུམ་གྱི་ཐོན་སྐྱེད་མུ་མཐུད་ཆེ་རུ་བཏང་བས་སྔོ་ཚལ་ཐོན་སྐྱེད་རང་མཁོ་རང་སྤྲོད་ཐུབ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། བསྡོམས་རྩིས་བརྒྱབ་པ་ལྟར་ན། 2024ལོའི་ཟླ་11ཚེས་30ཉིན་བར་ལྗོངས་ཡོངས་ཀྱི་སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི་45.51ཟིན་པ་དང་། སྔོ་ཚལ་ཐོན་ཚད་ཏུན་ཁྲི་95.17ཟིན་ནས་ཐོན་ཚད་དུས་མཚུངས་ལས་3.72%འཕར་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།