སློབ་ཆེན་སློབ་མས་དང་བླངས་ཞབས་འདེགས་ཞུས། སྤྱི་ཕན་སློབ་གསོར་རེ་བའི་འབྲས་བཟང་སྨིན།
འདི་ནི་འདམ་གཞུང་རྫོང་ཨུད་རྩ་འཛུགས་པུས་སློབ་གྲྭ་ཆེ་མོ་བའི་དང་བླངས་པར་ལག་ལེན་ལག་ཁྱེར་སྤྲོད་བཞིན་པ།
འདི་ནི་གྲོགས་པོ་ཆུང་ཆུང་གིས་འཁྲབ་སྟོན་བྱེད་བཞིན་པ།
ཉེ་ཆར། འདམ་གཞུང་རྫོང་འདམ་ཆུ་ཁ་གྲོང་རྡལ་ཅི་ཅིང་ས་ཚུགས་དགུན་སྒར་གྱི་སློབ་མའི་དགུན་གསེང་སྦྱོང་ཚན་ཟུར་ཁྲིད་འཛིན་གྲྭ་དགོད་སྒྲའི་ཁྲོད་ནས་སློབ་མཇུག་འགྲིལ་བ་རེད། ད་ཐེངས་ཀྱི་དགུན་སྒར་དེ་ནི་ཅི་ཅིང་ས་ཚིགས་ཀྱིས་ཡུལ་སྐོར་ཞབས་ཞུ་དང་། སྤྱི་ཕན་སློབ་གསོ། རིག་གནས་མྱོང་རོལ་བཅས་གཞི་ཅིག་ཏུ་འདུས་པའི་བྱེད་ནུས་མང་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཡིན། མཛད་སྒོ་འགོ་ཚུགས་མ་ཐག འདམ་གཞུང་རྫོང་ཨུད་རྩ་འཛུགས་པུས་སློབ་གྲྭ་ཆེ་མོ་བའི་བླངས་པ་ཚོར་ལག་ལེན་ལག་ཁྱེར་སྤྲད་པ་དང་། ཁོ་ཚོའི་དཀའ་སྤྱད་འབད་བརྩོན་དང་ལེགས་སྐྱེས་ཀྱི་སྙིང་སྟོབས་ལ་ཚད་མཐོའི་བསྔགས་བརྗོད་བྱས་པ་མ་ཟད། སློབ་གྲྭ་ཆེ་མོ་བའི་དང་བླངས་པར་འཚམས་འདྲིའི་ལག་རྟགས་སྤྲད་དེ་སེམས་ཁུར་དང་དྲོ་སྐྱིད་ཀྱང་མཚོན་པར་བྱས་པ་རེད།