དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “དེ་ནི་ཀྲུང་གོའི་ཁེ་ལས་ཀྱིས་ང་ཚོར་སྤྲད་པའི་ལག་རྟགས་ཡག་ཤོས་རེད”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-03-04

    ཕོ་ལན་གྱི་རྒྱལ་ས་ཝར་སོ་ནས་རླངས་འཁོར་ལ་བསྡད་དེ་ཤར་ཕྱོགས་སུ་སྤྱི་ལེ་80ཙམ་བསྐྱོད་ཚེ། ཡཱ་ཀའོ་ཏེ་ནེ་གྲོང་རྡལ་ཆུང་ངུར་གནས་པའི་ཕོ་ལན་A2མྱུར་བགྲོད་གཞུང་ལམ་རྣམ་གྲངས་པུའུ་ཡི་གཞུང་ལས་ཁུལ་དུ་སླེབས་ཀྱི་ཡོད། གཞུང་ལས་ཁང་ནང་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་གྲོང་སྲིད་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི་ཕོ་ལན་A2མྱུར་བགྲོད་གཞུང་ལམ་རྣམ་གྲངས་ཀྱི་ཅིང་ལི་ཆིན་ཡུང་དང་ལས་མི་ཚོ་རྣམ་གྲངས་མཇུག་བསྡུའི་ལས་དོན་ཁག་སྒྲུབ་པར་བྲེལ་བཞིན་ཡོད་པ་རེད།

    ཕོ་ལན་A2མྱུར་བགྲོད་གཞུང་ལམ་ནི་ཕོ་ལན་གྱི་ཤར་རྒྱུད་དང་ནུབ་རྒྱུད་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། རྣམ་གྲངས་ཀྱི་རླངས་འཁོར་ཤར་གཏོང་མཛད་སྒོའི་ཐོག་ཕོ་ལན་རྨང་གཞིའི་སྒྲིག་བཀོད་པུའི་པུའུ་ཀྲང་གཞོན་པ་སི་ཐན་ཉི་སི་ཝ་ཧྥུའུ·པུའུ་ཁོ་ཝེ་ཚི་ཡིས། ཀྲུང་གོའི་ཁེ་ལས་ཀྱི་འཛུགས་སྐྲུན་གྱི་མྱུར་ཚད་དང་སྤུས་ཚད་ལ་དོ་བདག་གི་འཐུས་མི་དང་ཕོ་ལན་དུ་བཅའ་སྡོད་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་དཔོན་རིགས་ཀྱི་ཚད་མཐོའི་བསྔགས་བརྗོད་ཐོབ་ཡོད་ཅེས་བརྗོད།

    རྣམ་གྲངས་པུའུ་ཡིས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཨར་ལས་བྱེད་རིང་ནུས་ཆེའི་སྒྲ་མེད་ཨར་ལས་ལག་རྩལ་སྤྱད་དེ་ཨར་ལས་བྱས་ནས་རང་བྱུང་སྲུང་སྐྱོང་ཁུལ་ནང་གི་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་མ་ཐེབས་གང་ཐུབ་བྱས་པས། ཕོ་ལན་རྒྱལ་ཁབ་ངལ་རྩོལ་ལྟ་ཞིབ་ཅུས་ཀྱིས་སྤྲད་པའི་ལོ་འཁོར་གྱི་བདེ་འཇགས་འཛུགས་སྐྲུན་གྱི་ཕུལ་བྱུང་བྱ་དགའ་ཐོབ་པ་རེད།

    ཆིན་ཡུང་གིས་གསར་འགོད་པར། ས་གནས་དེ་གའི་རྒན་གསོ་ཁང་ལ་འགྲོ་སའི་ལམ་གངས་ཆར་བབས་དྲགས་ནས་ལུག་པས། རྣམ་གྲངས་པུའུ་ཡིས་ཆེད་མངགས་རིང་ཚད་ལ་སྨི་300ལྷག་ཙམ་ཡོད་པའི་ལམ་ཞིག་བསྐྲུན་ནས་རྒན་རྒོན་ཚོའི་ཕྱིར་སྐྱོད་ལ་སྟབས་བདེ་བསྐྲུན་ཡོད་ཅེས་བཤད་བྱུང་། རྣམ་གྲངས་པུའུ་ཡིས་ད་དུང་ས་གནས་དེ་གའི་བུ་བཅོལ་ཁང་ཁག་གཅིག་དང་འབྲེལ་བ་བྱས་ནས་གྲོགས་པོ་ཆུང་ཆུང་ཚོ་སྒྲིག་འཛུགས་བྱས་ཏེ“འབྱུང་འགྱུར་གྱི་ལག་རྩལ་ཆེ་མོ་བ་གསོ་སྐྱོང་བྱེད་པའི”རྣམ་གྲངས་ནང་ཞུགས་སུ་བཅུག་པ་རེད།

    རྣམ་གྲངས་སྐྲུན་མཇུག་འགྲིལ་ནས་རླངས་འཁོར་ཤར་གཏོང་ཐུབ་རྗེས། ཕོ་ལན་ཤར་རྒྱུད་ནས་རྒྱལ་ས་ཝར་སོ་དང་དེ་བཞིན་ནུབ་རྒྱུད་ནས་འཇར་མན་སོགས་ཡོ་རོབ་ནུབ་མའི་རྒྱལ་ཁབ་ལ་འགྲོ་བའི་འགྲིམ་འགྲུལ་དེ་བས་སྟབས་བདེ་རུ་འགྲོ་རྒྱུ་དང་། ས་གནས་དེ་གའི་ཞིང་འབྲོག་ཐོན་རྫས་ཀྱང་དེ་བས་མགྱོགས་མྱུར་ཕྱིར་གཏོང་ཐུབ་རྒྱུ་རེད། “དེ་ནི་ཀྲུང་གོའི་ཁེ་ལས་ཀྱིས་ང་ཚོར་སྤྲད་པའི་ལག་རྟགས་ཡག་ཤོས་རེད”ཅེས་ས་གནས་དེ་གའི་གྲོང་མི་ཐུའོ་མཱ་སི་ཡིས་དགའ་ཚོར་ཆེན་པོས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།