ནག་ཆུ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས།
གནད་སྨིན་ཇུས་བསྟར་བྱས་ནས་ཞིང་འབྲོག་པའི་ལས་གཏོད་ཀྱི་ལམ་བུར་རོགས་རམ་བྱས་པ།
ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ནག་ཆུ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཞིང་འབྲོག་པའི་ལས་གཏོད་དང་ལས་ཞུགས། འབབ་འཕར་བཅས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། གནད་སྨིན་ཇུས་བསྟར་དང་། ཞབས་ཞུ་ལེགས་གཏོང་། དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཞིང་འབྲོག་པའི་ལས་གཏོད་ལས་ཞུགས་ལ་ཁྲལ་དོན་གྱི་རོགས་རམ་བྱས་ཡོད།
“ཁྲལ་དོན་ལས་བྱེད་པས་གནད་སྨིན་ཞབས་ཞུ་བྱས་པ་ལས་ང་དང་འདྲ་བའི་ལས་གཏོད་བྱེད་འདོད་ཡོད་མཁན་ཚོར་གོ་སྐབས་བཟང་པོ་བསྐྲུན་ཡོད”ཅེས་ནག་ཆུ་ནས་ཡིན་པའི་བཀྲ་ཤིས་ཀྱིས་བཤད། ནག་ཆུ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་དམ་འཛིན་བྱ་གཞིར་བྱས་ཏེ། ཞིང་འབྲོག་པའི་ལས་གཏོད་དང་འབྲེལ་བ་ཡོད་པའི་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་རིགས་ལྔ་དང་དོན་ཚན་40ལྷག་ཙམ་ནན་ཏན་གྱིས་གསེད་བཀྲོལ་དང་འབྲེལ་ཡོད་ལག་དེབ་སྒྲིག་བཟོ་བྱས་ནས་ཁྲལ་དོན་གཙོ་གཉེར་ལས་ཁུངས་ཁག་ལ་གཤམ་སྤྲོད་བྱས་ཏེ། གཞི་རིམ་གྱི་ཁྲལ་དོན་གཙོ་གཉེར་ལས་ཁུངས་ཀྱི་འཐབ་ཕྱོགས་དང་པོའི་ཁྲལ་བསྡུ་དོ་དམ་དང་ཞབས་ཞུའི་མི་སྣར་སློབ་ཁྲིད་ནན་ཏན་བྱས་པ་རེད། མིག་སྔར། གྲོང་ཁྱེར་ཡོངས་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱི་ཁྲལ་བསྡུ་ཚན་པ་12ཀྱི་ལས་དོན་མི་སྣ་ཡོངས་ལ་གསོ་སྦྱོང་བྱས་ཡོད”ཅེས་བཤད།
མིག་སྔའི་བར་ཞིང་འབྲོག་པའི་ལས་གཏོད་མི་སྒེར་ལ་དམིགས་ནས་རང་གཤིས་ཅན་གྱི་སྲིད་ཇུས་དུད་ཚང་ཁྲི་2.4ལྷག་ཙམ་ལ་ཁྱབ་གདལ་བཏང་བ་དང་། སྙན་ཞུའི་དྲན་སྐུལ་ཐེངས་4དང་། འཕྲིན་ཐུང་དང་ཁེ་ལས་ཀྱི་སྐད་འཕྲིན་དྲན་སྐུལ་ཐེངས་8000ལྷག་ཙམ་གནད་སྨིན་ངང་བསྐུར་ཡོད། གནད་སྨིན་གྱི་སྲིད་ཇུས་འདི་དག་ཁྱབ་གདལ་བཏང་བས་ཞིང་འབྲོག་པས་ཁྲལ་གྲོན་སྲིད་ཇུས་གསར་ཤོས་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་མ་ཟད། ད་དུང་ཁོང་ཚོས་རེ་ཞུའི་ཉེན་ཁ་ལས་ནུས་ལྡན་གཡོལ་བར་རོགས་རམ་བྱས་ནས་ཁྲལ་འཇལ་ལ་བརྩི་སྲུང་ཞུ་ཚད་མཐོ་རུ་ཕྱིན་ཡོད།