བོད་ལྗོངས་མཁའ་འགྲུལ་གྱིས་དཔྱིད་གསར་སྐྱེལ་འདྲེན་རིང་འགྲུལ་པ་མི་ཐེངས་ཁྲི་106ལྷག་ཙམ་སྐྱེལ་འདྲེན་བྱས་པ།
ཉིན་ཤས་གོང་། 2025ལོའི་དཔྱིད་གསར་སྐྱེལ་འདྲེན་མཇུག་འགྲིལ་ཞིང་། གསར་འགོད་པར་བོད་ལྗོངས་མཁའ་འགྲུལ་ཅུས་ནས་ཤེས་རྟོགས་བྱུང་བར། དུས་ཡུན་ཉིན་40ཡི་དཔྱིད་གསར་སྐྱེལ་འདྲེན་གྱི་འགན་སྲུང་ལས་དོན་སྤེལ་རིང་། བོད་ལྗོངས་མཁའ་འགྲུལ་ཅུས་ཀྱིས་དུས་གཏན་གནམ་གྲུ་ཐེངས་7036བཏང་ནས་འགྲུལ་པ་མི་ཐེངས་ཁྲི་106.44སྐྱེལ་འདྲེན་བྱས་པ་དེ་ན་ནིང་གི་དུས་མཚུངས་ལས་20.25%དང་50%སོ་སོར་འཕར་ཡོད། དངོས་ཟོག་སྦྲག་སྐྱེལ་བྱེད་ཚད་ཏུན་3000ལྷག་ཙམ་ཟིན་ནས་དཔྱིད་གསར་སྐྱེལ་འདྲེན་གྱི་འགན་སྲུང་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པ་རེད།