དངུལ་འདི་མང་རུ་བཏང་འདུག ངོ་མ་གཏམ་བཟང་མིན་ན་གང་ཡིན།
“བོད་ལྗོངས་དམངས་སྲིད་འགྲེམས་བསྒྲགས”སུ་གནས་ཚུལ་སྤེལ་བར་གཞིགས་ན། ལྗོངས་ཡོངས་ཀྱི་དྭ་ཕྲུག་དང་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པའི་གཞི་རྩའི་འཚོ་བའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་མཐོ་རུ་བཏང་འདུག
2025ལོའི་ཟླ་1ཚེས་1ཉིན་ནས་བཟུང་། ལྗོངས་ཡོངས་ཀྱི་དྭ་ཕྲུག(ལས་ཁུངས་ཀྱིས་གནས་སྐབས་ལྟ་སྐྱོང་བྱེད་བཞིན་ཡོད་པའི་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པ)གི་གཞི་རྩའི་འཚོ་བའི་འགན་སྲུང་གི་ཚད་གཞི་དེ་རིགས་གཉིས་པའི་ས་ཁུལ་དུ་ཟླ་རེར་མི་རེར་སྒོར་1354ནས་ཟླ་རེར་མི་རེར་སྒོར་1468བར་མང་དུ་བཏང་ཡོད་པ་དང་། རིགས་གསུམ་པའི་ས་ཁུལ་དུ་ཟླ་རེར་མི་རེར་སྒོར་1625ནས་ཟླ་རེར་མི་རེར་སྒོར་1762བར་མང་དུ་བཏང་ཡོད་པ། རིགས་བཞི་པའི་ས་ཁུལ་དུ་ཟླ་རེར་མི་རེར་སྒོར་1828ནས་ཟླ་རེར་མི་རེར་སྒོར་1982བར་མང་དུ་བཏང་ཡོད་པ་རེད།
ཐོར་སྡོད་ཀྱི་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པར་(散居事实无人抚养儿童)རིགས་གཉིས་པའི་ས་ཁུལ་དུ་ཟླ་རེར་མི་རེར་སྒོར་660ནས་ཟླ་རེར་མི་རེར་སྒོར་715བར་མང་དུ་བཏང་ཡོད་པ་དང་། རིགས་གསུམ་པའི་ས་ཁུལ་དུ་ཟླ་རེར་མི་རེར་སྒོར་792ནས་ཟླ་རེར་མི་རེར་སྒོར་858བར་མང་དུ་བཏང་ཡོད་པ། རིགས་བཞི་པའི་ས་ཁུལ་དུ་ཟླ་རེར་མི་རེར་སྒོར་891ནས་ཟླ་རེར་མི་རེར་སྒོར་966བར་མང་དུ་བཏང་ཡོད་ཅིང་། ཆ་སྙོམས་འཕར་ཚད་8.4%ཟིན་གྱི་ཡོད།
2025ལོར་ལྗོངས་ཡོངས་སུ་ཁྱོན་མ་དངུལ་སྒོར་ཁྲི་6085.39དོན་འཁྱོལ་བྱས་ཏེ། དྭ་ཕྲུག་3284དང་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པ་1129ཡི་གཞི་རྩའི་འཚོ་བར་འགན་སྲུང་བྱས་ནས། ཏང་ཨུད་དང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་འོག་ཕྲུ་གུ་ཚང་མ་འཚོ་བར་སེམས་ཁྲལ་མེད་ལ་བདེ་ཐང་ངང་འཚར་ལོངས་ཐུབ་པར་བྱ་རྒྱུ་རེད་འདུག