འདི་ལོ་ཅིང་ཧང་མིས་བཟོས་ཆུ་ལམ་ཆེན་པོ་ཡོངས་སུ་སྦྲེལ་མཐུད་ཐུབ་ནས་ཆུ་གསབ་འགོ་ཚུགས་པ།
ཉེ་ཆར། ཆུ་བེད་པུའུ་ཡིས《ཅིང་ཧང་མིས་བཟོས་ཆུ་ལམ་ཆེན་པོ་2025ལོར་ཆུ་ལམ་ཡོངས་སུ་སྦྲེལ་མཐུད་ཐུབ་ནས་ཆུ་གསབ་པའི་ཇུས་གཞི》བཀྲམ་སྟེ་ལག་བསྟར་བྱས་པ་དང་ཅིང་ཧང་མིས་བཟོས་ཆུ་ལམ་ཆེན་པོ་2025ལོར་ཆུ་ལམ་ཡོངས་སུ་སྦྲེལ་མཐུད་ཐུབ་སྟེ་ཕྱོགས་ཡོངས་ནས་ཆུ་གསབ་འགོ་ཚུགས་པ་རེད།
2025ལོའི་ཆུ་གསབ་འཆར་གཞི་དེ་ཟླ་6པའི་ཟླ་མཇུག་བར་མུ་མཐུད་ནས་སྤེལ་རྒྱུ་ཡིན་པ་དང་། ཅིང་ཧང་མིས་བཟོས་ཆུ་ལམ་ཆེན་པོའི་རྨ་ཆུའི་བྱང་རྒྱུད་ཆུ་བོའི་དུམ་བུ་དེ་སྦྲེལ་མཐུད་ཆུ་ལམ་གཙོ་བོར་བྱས་ཏེ་པེ་ཅིང་དང་། ཐེན་ཅིན། ཧོ་པེ། ཧྲན་ཏུང་བཅས་ཞིང་ཆེན་དང་གྲོང་ཁྱེར་བཞི་དང་འབྲེལ་བ་ཡོད་པ་དང་། ས་ཁུལ་རིམ་པའི་སྲིད་འཛིན་ཁུལ་8དང་རྫོང་རིམ་པའི་སྲིད་འཛིན་ཁུལ་31བརྒྱུད་དགོས་ཀྱི་ཡོད།
ད་ཐེངས་ཀྱི་ཆུ་གསབ་ཀྱིས་ལྷོ་ཆུ་བྱང་འདྲེན་ཤར་རྒྱུད་ཆུ་ལམ་གྱི་དུས་ཐེངས་དང་པོའི་བྱང་སྲིང་འཕྲལ་སྡོམ་ཆུ་མཁོ་འདོན་ལས་གྲྭའི་ཆུ་མཁོ་འདོན་དང་། ཅིང་ཅིན་ཅི་ལུའུ་ཞིང་ཆེན་དང་གྲོང་ཁྱེར་བཞིའི་ས་གནས་དེ་གའི་ཆུ་དང་། རྨ་ཆུའི་ཆུ་འདྲེན་པ། ལོན་ཆུ་འདྲེན་པ། བསྐྱར་སྐྱེས་ཆུ། ཆར་ཆུ་དང་ཆུ་ལོག་ཆུ་སོགས་ཀྱི་ཆུ་ཁུངས་བཀོད་སྒྲིག་ལེགས་སྒྱུར་དང་བཀོད་གཏོང་བྱ་རྒྱུ་ཡིན་པ་དང་། སྔོན་དཔག་བྱས་ན་ཆུ་གསབ་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་5.56མཁོ་འདོན་བྱ་རྒྱུ་ཡིན་པ་དང་། དེའི་ནང་ཅིང་ཧང་མིས་བཟོས་ཆུ་ལམ་ཆེན་པོར་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་5.29འདྲེན་རྒྱུ་དང་། ཆུ་གསབ་ཆུ་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་1274ཟིན་པ། ས་འོག་གི་ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི་46བརྗེ་བ་བཅས་བྱ་རྒྱུ་ཡིན་པ་རེད།