དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་མཁས་ཅན་གྱི་འཐུས་མི་ཚོགས་པས་ལྷོ་ཨ་ཧྥེ་རི་ཁར་འཚམས་འདྲི་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-02-25

    ཟླ་2ཚེས་19ཉིན་ནས་ཚེས་21ཉིན་བར། ཀྲུང་གོ་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱིས་ཀྲུང་གོའི་ཁེ་ལས་མཁས་ཅན་གྱི་འཐུས་མི་ཚོགས་པ་སྒྲིག་འཛུགས་བྱས་ནས་ལྷོ་ཨ་ཧྥེ་རི་ཁར་འཚམས་འདྲི་བྱས་ཏེ། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་བཟོ་ཚོང་ལས་རིགས་ཀྱིས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་འབྲེལ་བ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ནས་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ་སྤེལ་རེས་འགྲོ་འོང་ལ་ཤུགས་སྣོན་གྱིས་དངོས་སྒྲུབ་མཉམ་ལས་བྱེད་ཟབ་ཏུ་བཏང་ཡོད།

    ཕྱོགས་གཉིས་པོའི་ཁེ་ལས་དང་སྒྲིག་གཞིས་ཚོང་དོན་གྱི་ངོ་འཕྲད་གྲོས་མོལ་གྱི་སྦྲེལ་མཐུད་དང་སྤེལ་རེས་ཀྱི་འོས་སྦྱོར་བྱེད་སྒོ་མང་པོ་སྤེལ་བས་མཉམ་ལས་ཀྱི་གྲུབ་འབྲས་ཡག་པོ་ཐོབ་ཡོད།

    འཚམས་འདྲི་བྱེད་རིང་། ཀྲུང་གོ་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱི་ཚོགས་གཙོ་རེན་ཧུང་པིན་གྱིས་ལྷོ་ཨ་ཧྥེ་རི་ཁའི་་སྲིད་གཞུང་དང་ཚོང་དོན་ལས་རིགས་ཀྱི་མི་སྣ་དང་སྤེལ་རེས་རྒྱ་ཁྱབ་བྱས་ཏེ། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་གླེང་སྟེགས་དང་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་སྐུལ་སྤེལ་དངོས་མང་སྟོན་ཚོགས་སྐབས་གསུམ་པའི་འོས་སྦྱོར་ཚོགས་འདུ་དང་། ལྷོ་ཨ་ཧྥེ་རི་ཁའི་སྲིད་འཛིན་ཏང་གི་དཔལ་འབྱོར་འཕེལ་རྒྱས་གླེང་སྟེགས་ཁེ་ལས་ཀྱི་སྦྲེལ་མཐུད་ཚོགས་འདུར་ཞུགས་ཏེ། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པའི་འབྲེལ་ཡོད་གནས་ཚུལ་གཙོ་གནད་ཐོག་ངོ་སྤྲོད་བྱས་པ་མ་ཟད། ལྷོ་ཨ་ཧྥེ་རི་ཁའི་ལས་རིགས་ཁག་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་སྦྲེལ་སྐུལ་སྤེལ་དངོས་མང་སྟོན་ཚོགས་སྐབས་གསུམ་པར་ཧུར་ཐག་ཞུགས་ཏེ་ཕྱོགས་གཉིས་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་དགའ་བསུ་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།