དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • 2024ལོར་བོད་ཀྱི་ཁྲལ་རིན་གཉིས་གཅོག་དང་ཁྲལ་སློག་སྒོར་དུང་ཕྱུར་12.16ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-25

    གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། 2024ལོར་བོད་དུ་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚན་རྩལ་གསར་གཏོད་དང་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་གཙོ་བོའི་ཁྲལ་རིན་གཉིས་གཅོག་དང་ཁྲལ་སློག་སྒོར་དུང་ཕྱུར་12.16ཟིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་བོད་ཀྱི་ཁྲལ་དོན་སྡེ་ཚན་གྱིས་གྲུབ་ཆའི་རང་བཞིན་གྱི་ཁྲལ་རིན་གཉིས་གཅོག་སྲིད་ཇུས་གནད་ལ་འཁེལ་པོས་དོན་འཁྱོལ་བྱས་ཏེ། ཚན་རྩལ་གསར་གཏོད་དང་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད། ཚན་རྩལ་ལ་མ་དངུལ་གཏོང་བ་དང་གྲུབ་འབྲས་ནང་བཤུག་གཏོང་བའི་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་སྣོན་འཕྲི་ཚབ་འཐེན་སོགས་ཐད་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱས་ནས་ཁྲལ་རིན་གཉིས་གཅོག་དང་ཁྲལ་སློག་སྒོར་དུང་ཕྱུར་4.51ཟིན་པ་དང་།“སྐེ་བཙིར”གྱི་དཀའ་གནད་སེལ་བ་དང་ཚན་རྩལ་ཤེས་ལྡན་པ་ནང་འདྲེན་དང་གསོ་སྐྱོང་བྱེད་པའི་འདུས་གྲུབ་གློག་ལམ་དང་བཟོ་ལས་འཕྲུལ་འཁོར་ཨ་མའི་ཁེ་ལས་ཀྱི་གནས་ཐང་འཕར་ཁྲལ་སྣོན་རྩིས་གཅོག་འཕྲི་སོགས་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱས་ནས་ཁྲལ་རིན་གཉིས་གཅོག་བྱེད་ཚད་སྒོར་དུང་ཕྱུར་0.13ཟིན་པ། མཐོ་གསར་ལག་རྩལ་ཁེ་ལས་དང་གསར་དར་ཐོན་ལས་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བའི་མཐོ་གསར་ལག་རྩལ་ཁེ་ལས་ལ་ཆག་ཡང་ཁྲལ་ཚད་15%ལྟར་ཁེ་ལས་ཀྱི་ཐོབ་ཁྲལ་དང་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་རྩ་ཆག་གཏོང་བ་སོགས་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱས་ནས་དཔྱ་ཁྲལ་སྒོར་དུང་ཕྱུར་1.62ཆག་ཡང་བཏང་བ། སྒྲིག་ཆས་གསར་བརྗེ་དང་ལག་རྩལ་སྒྱུར་བཀོད་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱས་ནས་དཔྱ་ཁྲལ་སྒོར་དུང་ཕྱུར་0.14ཆག་ཡང་བཏང་བ། བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱི་གནས་ཐང་འཕར་ཁྲལ་སྣོན་རྩིས་གཅོག་འཕྲི་དང་ཚབ་འཕྲི་ཁྲལ་སློག་སོགས་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱས་ནས་ཁྲལ་རིན་གཉིས་གཅོག་དང་ཁྲལ་སློག་བྱེད་ཚད་སྒོར་དུང་ཕྱུར་5.76ཟིན་པ་བཅས་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།