དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱི་ཕྱི་རྒྱལ་གྱི་རྣམ་གྲངས་ཀྱིས་ས་གནས་དེ་གའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པ།

    ལྗང་མདོག་ཐོན་ལས་གསར་གཏོད་ཀྱིས། ལག་གདང་སྦྲེལ་ནས་མཉམ་དུ་སྐྱོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-02-24

    འདི་ནི་ཧྲེང་ཅ་དབང་ཆུ་ཤུགས་གློག་ཁང་ཉེ་འགྲམ་དུ་ཡོད་པའི་ཨན་ཏི་སིའི་བྱ་ཡིན་པ།

    ཕེ་རུའི་ཧྲེང་ཅ་དབང་ཆུ་ཤུགས་གློག་ཁང་།

    ཕེ་རུའི་ཧྲེང་ཅ་དབང་ཆུ་ཤུགས་གློག་ཁང་ནི་ཀྲུང་ཕེ་རྒྱལ་ཁབ་གཉིས་ཀྱིས་ནུས་རྒྱུའི་ཁྱབ་ཁོངས་སུ་གསར་སྤེལ་མཉམ་ལས་གཏིང་ཟབ་བྱེད་པའི་གཙོ་གནད་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པ་དང་ཐོན་སྐྱེད་བྱས་ནས་གློག་གཏོང་འགོ་ཚུགས་རྗེས་མི་ཁྲི་བརྒྱ་ལྷག་ཙམ་གྱི་གློག་སྤྱོད་དཀའ་གནད་ཐག་གཅོད་ཐུབ་སྟེ་ལོ་ལྟར་ཐཱན་འབུད་ཚད་ཏུན་ཁྲི་33.8ཉུང་དུ་གཏོང་ཐུབ་ཀྱི་ཡོད།

    རྣམ་གྲངས་དེ་འཛུགས་སྐྲུན་བྱེད་སྐབས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་མཐོང་ཆེན་གྱིས་ཨར་ལས་མ་བྱས་གོང་ཆུ་ཤུགས་གློག་ཁང་གིས་སྲོག་ཆགས་རིགས་334དང་རྩི་ཤིང་རིགས་105ཐོ་འགོད་བྱས་ཏེ་ཨར་ལས་ས་ཁོངས་ཀྱི་སྲོག་ཆགས་དང་རྩི་ཤིང་དབྱེ་འབྱེད་དང་སྲུང་སྐྱོང་བྱེད་བདེ་ཡོང་བར་བྱས་པ་དང་ཨར་ལས་བྱེད་རིང་ཁོར་ཡུག་ལ་བསམ་གཞིགས་གང་ལེགས་བྱས་ཏེ་སྲོག་ཆགས་དང་རྩི་ཤིང་འཚོ་གནས་ཁོར་ཡུག་ལ་གནོད་འཚེ་ཕོག་ཚབས་ཆུང་ཤོས་སུ་གཏོང་གང་ཐུབ་བྱས་པ་རེད།

    ཧྲིན་ཅ་དབང་ཆུ་ཤུགས་གློག་ཁང་གི་རྣམ་གྲངས་ཚོགས་པའི་ཁོངས་མི་ཞིག་ཡིན་པའི་ངས་དེ་ནི་ལྗང་མདོག་རྣམ་གྲངས་ཤིག་ཡིན་པ་དངོས་གནས་ཚོར་ཐུབ་བྱུང་། དེས་ཁོར་ཡུག་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ལ་ལྷག་པར་དུ་དོ་ཁུར་བྱེད་པ་དང་འཛུགས་སྐྲུན་བྱེད་རིང་ཨར་ལས་ཀྱི་ཤུགས་རྐྱེན་ཁྱབ་ཁོངས་ལ་ཚོད་འཛིན་ནན་པོ་བྱས་ནས་རི་སྐྱེས་སྲོག་ཆགས་འཚོ་གནས་བྱ་ཡུལ་སོགས་ལ་སྲུང་སྐྱོང་བྱ་རྒྱུར་དོ་སྣང་བྱེད་ཀྱི་ཡོད། རྣམ་གྲངས་དེས་ས་གནས་དེ་གར་དཔལ་འབྱོར་གྱི་ཕན་འབྲས་ཐོན་པ་དང་ཆབས་ཅིག་དམངས་ཚོགས་དེ་བས་མང་བས་ང་ཚོའི་སྔོ་ཐིང་ངེར་གནས་པའི་ཁྱིམ་གཞིས་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུར་སྐུལ་ཁྲིད་ཐུབ་ངེས་ཡིན་པ་ངར་ཡིད་ཆེས་ཡོད།

    —— ཀྲུང་གོ་འགྲིམ་འགྲུལ་ཚོགས་པའི་ཀྲུང་གོའི་ཆུ་བེད་གློག་ཤུགས་ཕྱི་ཕྱོགས་ཚད་ཡོད་ཀུང་སིའི་ཕེ་རུའི་ཧྲེང་ཅ་དབང་ཆུ་ཤུགས་གློག་ཁང་རྣམ་གྲངས་པུའུ་ཡི་ས་གནས་དེ་གའི་ལས་མི། ཡ་སི་སྨིར།

    འདི་ནི་ལས་དོན་པས་ཅུད་ཧྲི་ཨེ་ཅིབ་ཤེལ་ཚི་ཐོན་སྐྱེད་རྟེན་གཞིའི་འཁོར་ཁང་དུ་སྒྲིག་ཆས་བཀོལ་སྤྱོད་བྱེད་བཞིན་པ།

    ཅུད་ཧྲི་ཨེ་ཅིབ་ཤེལ་ཚི་ཐོན་སྐྱེད་རྟེན་གཞི།

    ཅུད་ཧྲི་ཨེ་ཅིབ་ཤེལ་ཚི་ཐོན་སྐྱེད་རྟེན་གཞི་ནི་ཨེ་ཅིབ་ཀྱི་སུའུ་དབྱི་ཧྲི་མིས་བཟོས་གཙང་པོའི་དཔལ་འབྱོར་ཁུལ་གྱི་ཀྲུང་ཨེ·ཐའེ་ཏ་སུའུ་དབྱི་ཧྲི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁུལ་དུ་གནས་པ་དང་2012ལོར་ཀྲུང་གོ་ཅུད་ཧྲི་མ་རྐང་ཚད་ཡོད་ཀུང་སིས་མ་དངུལ་བཏང་ནས་བཙུགས་པ་ཞིག་རེད། ཐོན་སྐྱེད་རྟེན་གཞི་དེ་ནི་ཨ་ཧྥེ་རི་ཁ་སྐམ་ས་ཆེན་པོའི་ཤེལ་ཚི་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་ཡིན་ལ་ཀྲུང་གོས་ཕྱི་རྒྱལ་དུ་རང་བརྟེན་འཛུགས་སྐྲུན་བྱས་པའི་ཤེལ་ཚི་ཐོན་སྐྱེད་རྟེན་གཞི་ཆེ་གྲས་དང་པོ་དེའང་ཡིན་པ་དང་ལོར་ཐོན་ནུས་ཏུན་ཁྲི་36ཟིན་གྱི་ཡོད་པ་རེད།

    ཤེལ་ཚི་ཨེ་ཅིབ་ཀྱི་ནུས་རྒྱུ་ཟད་གྲོན་ཆུང་དུ་གཏོང་བ་དང་ནུས་རྒྱུ་གྲོན་ཆུང་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། དེ་བཙུགས་ནས་ལོ་10ལྷག་ཙམ་རིང་ཐོན་སྐྱེད་རྟེན་གཞི་དེས་ཨེ་ཅིབ་ཏུ་ཤེལ་ཚིའི་ལས་རིགས་མེད་པ་ནས་ཡོད་པར་འགྱུར་བར་སྐུལ་འདེད་བཏང་བ་དང་གཏེར་ཐོན་དང་ཐུམ་སྒྲིལ་རྒྱུ་ཆ་སོགས་སྟོད་རྒྱུད་དང་སྨད་རྒྱུད་ཀྱི་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱས་ཏེ་རྒྱལ་ཁབ་དེའི་བཟོ་སྐྲུན་ལས་རིགས་རིམ་སྤོར་ཡོང་བར་རམ་འདེགས་བྱས་ཡོད་པ་རེད།

    ང་ཚོས་ཆུ་སྙིགས་དང་། རླངས་རོ། སྲ་སྙིགས་བཅས་ཕྱིར་འབུད་ཐད་ཚོད་འཛིན་ནན་པོ་བྱས་པ་མ་ཟད། ཤེལ་ཚི་བཟོ་རྩལ་དང་སྐུད་སྙིགས་བསྐྱར་སྤྱོད་སོགས་ཐོན་སྐྱེད་ལྷུ་ཚིགས་སུའང་ནུས་རྒྱུ་ཟད་གྲོན་དམའ་བ་དང་ཁོར་ཡུག་མཐུན་འཕྲོད་ཀྱི་ཐོན་སྐྱེད་བྱེད་སྟངས་ཐོག་ནས་ལྗང་མདོག་ཐོན་སྐྱེད་ཀྱི་འདུ་ཤེས་ལག་ལེན་བསྟར་སྟེ“ལྗང་མདོག”དེ་ཉིད་ཐོན་སྐྱེད་ཀྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཡོད།

    —— ཅུད་ཧྲི་ཨེ་ཅིབ་ཤེལ་ཚི་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་སྤྱོད་བཟོ་སྐྲུན་པུའུ་ཡི་སྤྱི་གཉེར་གཞོན་པ། ཝུའུ་ས་མ།

    འདི་ནི་ཕ་ཏེ་མ་ཟམ་ཆེན་གྱི་ལྕགས་ལམ་སྦྲེལ་མཐུད་ལམ་ཐིག་གི་ཡུལ་ལྗོངས་ཡིན་པ།

    བྷང་ག་ལའི་ཕ་ཏེ་མ་ཟམ་ཆེན་གྱི་ལྕགས་ལམ་སྦྲེལ་མཐུད་ལམ་ཐིག་རྣམ་གྲངས།

    ཀྲུང་གོ་ལྕགས་ལམ་གྱིས་བསྐྲུན་འགན་འཁུར་བའི་བྷང་ག་ལའི་ལྕགས་ལམ་རྣམ་གྲངས་ཆེ་ཤོས་ཕ་ཏེ་མ་ཟམ་ཆེན་གྱི་ལྕགས་ལམ་སྦྲེལ་མཐུད་ལམ་ཐིག་ཉིན་ཤས་གོང་ཤར་གཏོང་ཐུབ་ནས་འཁོར་སྐྱོད་བྱེད་འགོ་ཚུགས་ཡོད་པ་རེད། ཀྲུང་བྷང་གི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་ཤིག་ཡིན་པའི་ལྕགས་ལམ་སྦྲེལ་མཐུད་ལམ་ཐིག་དེའི་རིང་ཚད་སྤྱི་ལེ་170ཙམ་ཡོད་པ་དང་བསྐྲུན་ཟིན་རྗེས་རྒྱལ་ས་ཏ་ཁ་དང་ལྷོ་ནུབ་རྒྱུད་ཀྱི་གྲོང་ཁྱེར་ཅེ་སོར་དབར་འགྲོ་སྐྱོད་དུས་ཚོད་ཆེས་ཆེར་ཐུང་དུ་ཕྱིན་ནས་ལམ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་རྒྱུ་རེད།

    རྣམ་གྲངས་དེས་ལྕགས་ལམ་ལམ་རྒྱུད་ཀྱི་ལམ་གཞིའི་ཟུར་དུ་རྩྭ་འདེབས་པ་དང་བསྡུར་ཚད་ལྟར་སྡོང་ཕྲུག་སྣ་ཚོགས་ཁྱོན་ཁྲི་41ལྷག་ཙམ་བཏབ་པ་དེས་ཐཱན་འབུད་ཚད་ཉུང་དུ་འགྲོ་བ་དང་། ས་རྒྱུའི་བསླད་སྐྱོན་སྔོན་འགོག་བྱེད་པ། རྒྱུན་མཐུད་ཆོག་པའི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་ཕན་ཐོགས་ཡོད་པ་རེད།

    བཟོ་སྐྲུན་པ་ཞིག་ཡིན་པའི་ངོས་ནས“ཕུགས་འདུན་གྱི་ལམ་བུ”ཞེས་འབོད་པའི་ལྕགས་ལམ་རྣམ་གྲངས་འཛུགས་སྐྲུན་ནང་ང་ཚོ་ཞུགས་རྒྱུ་བྱུང་བར་གཟི་བརྗིད་ཀྱི་ཚོར་སྣང་ཡོང་གི་འདུག རྣམ་གྲངས་ཧྲིལ་པོ་ས་གནས་དེ་གའི་ས་གཤིས་མཚོན་རྟགས་ཤིག་ཏུ་གྱུར་ཡོད། དེ་ནི་དེང་རབས་ཅན་གྱི་ལྕགས་ལམ་ཞིག་ཡིན་ལ་ལྗང་མདོག་ལྕགས་ལམ་ཞིག་དེ་བས་ཡིན། འཛུགས་སྐྲུན་བྱེད་རིང་། ལྗང་མདོག་ཨར་ལས་ཀྱི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་པ་དང་རང་བྱུང་ལ་བརྩི་འཇོག་དང་ཁོར་ཡུག་དང་འཆམ་མཐུན་མཉམ་གནས་བྱེད་པའི་ཀྲུང་གོའི་ཁེ་ལས་ཀྱི་འཛུགས་སྐྲུན་འདུ་ཤེས་ངས་ཚོར་ཐུབ་བྱུང་།

    —— ཀྲུང་གོ་ལྕགས་ལམ་བྷང་ག་ལའི་ཕ་ཏེ་མ་ཟམ་ཆེན་གྱི་ལྕགས་ལམ་སྦྲེལ་མཐུད་ལམ་ཐིག་རྣམ་གྲངས་ཀྱི་ས་གནས་དེ་གའི་ལས་མི། ཨའོ་མར·ཧྥ་ལུའུ་ཁེ།

    འདི་ནི་དབྱི་ཝོ་ཝེ་ཁེའི་རླུང་གློག་རྣམ་གྲངས་ཀྱི་ཡུལ་ལྗོངས་ཡིན་པ། 

    བྷོ་ཧེར་གྱི་དབྱི་ཝོ་ཝེ་ཁེའི་རླུང་གློག་རྣམ་གྲངས། 

    དབྱི་ཝོ་ཝེ་ཁེའི་རླུང་གློག་རྣམ་གྲངས་ནི་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པའི་ཕྱི་རྒྱལ་མ་འཇོག་ཚད་ཡོད་ཀུང་སི་དང་རྒྱུན་སྤྱོད་ལག་རྩལ་ཚོགས་པའི་ཁོངས་གཏོགས་ཀྲུང་གོ་ལག་རྩལ་ཀུང་སིས་མཉམ་འབྲེལ་ཐོག་མ་འཇོག་བྱས་ནས་བསྐྲུན་པ་ཞིག་ཡིན་པ་དང་རྣམ་གྲངས་དེའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཀྲའོ་ཝ་84ཟིན་པ་དེ་ཕྱི་རྒྱལ་ཚོང་པས་དམིགས་བསལ་ཆོག་ཁྲོལ་གཉེར་སྐྱོང་བྱེད་སྟངས་སྤྱད་དེ་མ་འཇོག་བྱས་ནས་བསྐྲུན་པའི་བྷོ་ཧེར་གྱི་ནུས་རྒྱུའི་རྣམ་གྲངས་ཐོག་མ་དེ་ཡིན་པ་དང་ད་ཆ་དྲ་སྦྲེལ་གློག་གཏོང་ཐུབ་ཡོད། རྣམ་གྲངས་དེས་ལོར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་2.6ཟིན་ནས་ལོ་ལྟར་ཐཱན་འབུད་ཚད་ཏུན་ཁྲི་24ཙམ་ཉུང་དུ་གཏོང་ཐུབ་པས་བྷོ་ཧེར་གྱི་ནུས་རྒྱུའི་གྲུབ་ཆ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་ནུས་ལྡན་གཏོང་རྒྱུ་ཡིན་པ་རེད།

    འདི་ནི་ལས་དོན་པས་ཨར་ཧྲུའུ་པ་ཧིའི་འོད་ཤུགས་གློག་ཁང་རྣམ་གྲངས་ཀྱི་ཚོད་འཛིན་སྟེགས་བུ་ཨ་མར་སྒྲིག་ཆས་འཁོར་སྐྱོད་གནས་ཚུལ་ལ་ལྟ་བཞིན་པ།

    འདི་ནི་མཱ་ཁེ་ཐུའུ་མུའུ་ཉི་ནུས་སྤྱི་གླིང་གི་དུས་ཐེངས་བཞི་པའི་འོད་དྲོད་དང་འོད་ཤུགས་ཕྱོགས་བསྡུས་གློག་གཏོང་རྣམ་གྲངས་ཀྱི་ཟུར་ཞིག་ཡིན་པ།

    སོ་ཏི་ཨ་རབ་ཨར་ཧྲུའུ་པ་ཧིའི་འོད་ཤུགས་གློག་ཁང་གི་རྣམ་གྲངས།

    སོ་ཏི་ཨ་རབ་མའེ་ཅ་ཞིང་ཆེན་ཅི་ཏ་གྲོང་ཁྱེར་ལྷོ་ཕྱོགས་ཀྱི་སྤྱི་ལེ་80ཙམ་གྱི་བྱེ་ཐང་དུ་གནས་པའི་ཨར་ཧྲུའུ་པ་ཧིའི་འོད་ཤུགས་གློག་ཁང་རྣམ་གྲངས་དེ་གོ་ལ་ཧྲིལ་པོའི་སྐྲུན་བཞིན་པའི་འོད་ཤུགས་གློག་ཁང་རྣམ་གྲངས་རྐྱང་པ་ཆེ་ཤོས་ཤིག་ཡིན་པ་དང་། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཅི་ཝ་2.6ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།