རང་མོས་གངས་ཤུད། རྒྱལ་སྤྱིའི་གངས་ཤུད་མཉམ་འབྲེལ་ལྷན་ཚོགས་ཀྱི་འཛམ་གླིང་བུམ་པའི(པེ་ཏ་ཧུའུ་མཚོའི་འགྲན་ཚུགས)གངས་ཐོག་རྩེད་རྩལ་གྱི་སྐྱེས་པའི་ཆ་ཤུད་འགྲན་བསྡུར།
ཟླ་2ཚེས་22ཉིན། 2024ལོ་དང་2025ལོའི་འགྲན་བསྡུར་དུས་ཚིགས་ཀྱི་རྒྱལ་སྤྱིའི་གངས་ཤུད་མཉམ་འབྲེལ་ལྷན་ཚོགས་ཀྱི་རང་མོས་གངས་ཤུད་འཛམ་གླིང་བུམ་པའི(པེ་ཏ་ཧུའུ་མཚོའི་འགྲན་ཚུགས)གངས་ཐོག་རྩེད་རྩལ་གྱི་སྐྱེས་པའི་ཆ་ཤུད་འགྲན་བསྡུར་ཅི་ལིན་གྲོང་ཁྱེར་པེ་ཏ་ཧུའུ་མཚོའི་གངས་ཤུད་སྤྲོ་གསེང་ཁུལ་དུ་བྱས་པ་རེད། འདི་ནི་ཉིན་དེར་ཧྥིན་ལན་གྱི་བདམས་ཐོན་པ་སའེ་ཝེ་ལི·ཝེ་ཡེ་ལེ་ལཱ(གཡས)དང་རི་པིན་གྱི་བདམས་ཐོན་པ་ཅུའེ་ཏའོ་ཞིང་ཀྲེང་ལ་མཐའ་བསྡུར་ནང་ཨང་དང་པོ་དང་གཉིས་པ་སོ་སོར་ཐོབ་པ།