རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་སྐབས་བཅུ་གཅིག་པའི་ཨུ་ཡོན་ཚང་འཛོམས(རྒྱ་ཆེ)ཚོགས་འདུ་ཐེངས་བཞི་པ་འཚོགས་པ།
ཚེས་22ཉིན། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་སྐབས་བཅུ་གཅིག་པའི་ཨུ་ཡོན་ཚང་འཛོམས(རྒྱ་ཆེ)ཚོཌ་འདུ་ཐེངས་བཞི་པ་འཚོགས་ནས། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོཌ་འདུའི་ཐོག མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ལས་ཀའི་སྙན་སེང་གསན་རྗེས་གནང་བའི་གསུང་བཤད་ཀྱི་དགོངས་དོན་དང་། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་སྐབས་བཅོ་བརྒྱད་པའི་ལག་བསྟར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་བསྒྲགས་དང་། སློབ་སྦྱོང་། ལག་བསྟར་བཅས་བྱས་པ་མ་ཟད། 2024ལོའི་ལས་དོན་ལ་ཕྱོཌ་སྡོམ་དང་2025ལོའི་ལས་འགན་བཀོད་སྒྲིག་ཀྱང་བྱས་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོཌ་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་བཅས་ཡིན་པའི་ཐང་མིང་དབྱིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུས་བསྟན་དོན། འདས་ཟིན་པའི་ལོ་གཅིག་རིང་། ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། “དོན་ཆེན་བཞིར”དམིཌ་པ་དང“འཛུཌ་གཏོད་བཞིར”ཤུགས་བརྒྱབ་པས། བཟོ་ཚོགས་ཀྱི་ལས་དོན་ལ་འཕེལ་རྒྱས་གསར་པ་དང་། ཕན་འབྲས་གསར་པ། ཚད་བརྒལ་གསར་པ་བཅས་བྱུང་ཡོད།