ནག་ཆུ་གྲོང་ཁྱེར་གྱི་བཙོག་དངུལ་གཙང་སྒྱུར་ངོ་རྒོལ་གྱི་དྲིལ་བསྒྲགས་སློབ་གསོའི་ཚོད་ལྟའི་རྟེན་གཞི་ཐོག་མར་སྒོ་བྱང་བཀལ་བ།
སྤྱི་ཚོགས་ཀྱི་སྤྱི་འབངས་ཀྱིས་བཙོག་དངུལ་གཙང་སྒྱུར་ངོ་རྒོལ་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ཤེས་རྟོགས་སྔར་བས་ཆེ་རུ་བཏང་ནས། དངུལ་རྩའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཉེ་ཆར། ནག་ཆུ་གྲོང་ཁྱེར་གྱི་བཙོག་དངུལ་གཙང་སྒྱུར་ངོ་རྒོལ་གྱི་དྲིལ་བསྒྲགས་སློབ་གསོའི་ཚོད་ལྟའི་རྟེན་གཞི་ཐོག་མའི་སྒོ་བྱང་འགེལ་བའི་མཛད་སྒོ་ནག་ཆུ་གྲོང་ཨུད་ཏང་གི་སློབ་གྲྭ(གྲོང་ཁྱེར་སྲིད་འཛིན་སློབ་གླིང)རུ་འཚོགས་པ་དང་། ཀྲུང་གོ་མི་དམངས་དངུལ་ཁང་ནག་ཆུ་གྲོང་ཁྱེར་ཡན་ལག་དངུལ་ཁང་དང་ནག་ཆུ་གྲོང་ཨུད་ཏང་གི་སློབ་གྲྭ(གྲོང་ཁྱེར་སྲིད་འཛིན་སློབ་གླིང) ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས། ནག་ཆུ་གྲོང་ཁྱེར་གྱི་དངུལ་རྩའི་སྒྲིག་གཞི་ཁག་བཅས་ཀྱི་འགན་འཁུར་བ་གཙོ་བོ་སྒོ་བྱང་གི་ཁེབས་རས་ཕྱེ་བའི་མཛད་སྒོར་ཞུགས་པ་རེད།