འགྲུལ་པ་མི་ཐེངས་ཁྲི་202.11སྐྱེལ་འདྲེན་བྱས་པ།
ས་མཐོའི་ལྕགས་ལམ་གྱི་དཔྱིད་གསར་སྐྱེལ་འདྲེན་བདེ་བླག་ངང་མཇུག་འགྲིལ་བ།
འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།
འདི་ནི་མེ་འཁོར་ལས་དོན་པས་འགྲུལ་པར་ལམ་སྟོན་བཞིན་པ།
ཟླ་2ཚེས་22ཉིན། དུས་ཡུན་ཉིན་40ཡི་2025ལོའི་ས་མཐོའི་ལྕགས་ལམ་གྱི་དཔྱིད་གསར་སྐྱེལ་འདྲེན་ལེགས་གྲུབ་བྱུང་བ་དང་། རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་ཁྲི་202.11སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་3.29%འཕར་བ་དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
དཔྱིད་གསར་སྐྱེལ་འདྲེན་རིང་། མཚོ་བོད་ཚོགས་པ་ཀུང་སིས་ཕ་ཡུལ་དུ་ལོག་པ་དང་། གཉེན་ཉེ་ཐུག་པ། ཕྱིར་ལས་མི་བྱེད་པར་སྐྱོད་པ། སློབ་མ་སོགས་འགྲུལ་པ་ཕྱིར་སྐྱོད་ཀྱི་དགོས་མཁོར་གཞིགས་ནས་མྱུར་བགྲོད་ལྕཌ་ལམ་དང་སྤྱིར་བཏང་ལྕགས་ལམ་ཐོན་ཁུངས་སྤྱི་འདོམས་བེད་སྤྱོད་ཡག་པོ་བྱས་པ་དང་། ལས་སྟེགས་12306གི་འགྲུལ་པའི་སྤ་སེ་སྔོན་མངགས་དང་གསབ་སྣོན་གྲངས་གཞི་གཞིར་བཟུང་མེ་འཁོར་གཏོང་བའི་ཇུས་གཞི་འགུལ་རྣམ་ལེགས་སྒྲིག་བྱས་ཏེ། གཏན་འཁེལ་བྱས་པའི་མེ་འཁོར་གྱི་ལམ་ཐིག་ལེགས་གྲུབ་བྱས་པའི་རྨང་གཞིའི་ཐོག་ཟི་ལིང་ནས་འཇུ་ལག་དང་། གོར་མོ། ལན་ཀྲོའུ། ཝུའུ་ལུའུ་མུའུ་ཆི་བཅས་དང་། ལྷ་ས་ནས་གཞིས་རྩེའི་ཕྱོགས་ཀྱི་གནས་སྐབས་ཤུགས་འགྲེམས་མེ་འཁོར་མང་དུ་བཏང་བ་དང་། དུས་མཚུངས་ཤིས་ཨན་དང་། ཝུའུ་ཧན། ཁྲེང་ཏུའུ། ཧྲང་ཧའེ་བཅས་ཀྱི་ཕྱོགས་ལ་ཤུགས་འགྲེམས་མེ་འཁོར་ཐོལ་པ་བཏང་བ་དང་ཟི་ལིང་ནས་ཁྲེང་ཏུའུ་དང་གོར་མོ། ལྷ་ས་ནས་གཞིས་རྩེའི་ཕྱོགས་ཀྱི་དཀྱུས་བགྲོད་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་ཁ་སྣོན་བྱས་པ་མ་ཟད། འགྲོ་སྐྱོད་མང་སའི་ཕྱོགས་ཀྱི་དཀྱུས་བགྲོད་འགྲུལ་སྐྱེལ་མེ་འཁོར་ལ་འཁོར་སྒྲོམ་ཁ་སྣོན་བརྒྱབ་ནས་སྐྱེལ་འདྲེན་ནུས་པ་ཆེ་རུ་བཏང་སྟེ། ཕྱིར་ལས་མི་བྱེད་པར་སྐྱོད་མཁན་ཕ་ཡུལ་དུ་ལོག་པ་དང་ལས་གནས་སུ་ཕྱིར་ལོག་པའི་མེ་འཁོར་དུས་མཉམ་དུ་སྐྱོད་ཐུབ་པ་བྱས་ཏེ། རྒྱ་ཆེའི་འགྲུལ་པ་རྣམས་ཀྱི་འགྲོ་སྐྱོད་དགོས་མཁོ་སྣ་མང་ཅན་ནུས་ལྡན་ངང་སྐོང་ཐུབ་པ་བྱས་ཡོད།