དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • 2024ལོར་བོད་རང་སྐྱོང་ལྗོངས་ཀྱི་རླུང་འཕྲིན་དང་བརྙན་འཕྲིན་ཕྱོགས་བསྡུས་མི་འབོར་ལ་ཁྱབ་ཚད་99.54%དང་99.67%སོ་སོར་ཟིན་པ།

  •     སྤེལ་དུས།  2025-02-23

    ●2025ལོའི་བོད་རང་སྐྱོང་ལྗོངས་ཀྱི་རླུང་འཕྲིན་དང་བརྙན་འཕྲིན་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2024ལོར་བོད་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)74ཚང་མས་དམིགས་བསལ་ཚོགས་སྤྱིར་རིན་མེད་དམ་གྲོན་དངུལ་དམའ་བའི་སྐུད་ཡོད་བརྙན་འཕྲིན་གྱི་ཞབས་འདེགས་ཞུས་པ་དང་། དེའི་ནང་རྫོང་46གི་སྤྱོད་མཁན་ཚང་མར་རིན་མི་དགོས་པའི་བརྙན་འཕྲིན་ལྟ་ཐུབ་པ་བྱུང་བ་རེད།

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང། ཉེ་ཆར། གསར་འགོད་པས་2025ལོའི་བོད་རང་སྐྱོང་ལྗོངས་ཀྱི་རླུང་འཕྲིན་དང་བརྙན་འཕྲིན་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2024ལོར་བོད་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)74ཚང་མས་དམིགས་བསལ་ཚོགས་སྤྱིར་རིན་མེད་དམ་གྲོན་དངུལ་དམའ་བའི་སྐུད་ཡོད་བརྙན་འཕྲིན་གྱི་ཞབས་འདེགས་ཞུས་པ་དང་། དེའི་ནང་རྫོང་46གི་སྤྱོད་མཁན་ཚང་མར་རིན་མི་དགོས་པའི་བརྙན་འཕྲིན་ལྟ་ཐུབ་པ་བྱུང་བ་རེད། གྲོང་ཁྱེར(ས་ཁུལ)དང་རྫོང་ཁག་གི་རླུང་འཕྲིན་དང་བརྙན་འཕྲིན་ཁོངས་གཏོགས་ཀྱིས་ཐད་གཏོང་སྲུང་སྐར་གྱི་རབ་གསལ་མཐའ་སྣེ་ཆ་ཚང་ཁྲི་30ལྷག་ཙམ་ཉོ་སྒྲུབ་བྱས་པ་དང་བོད་རང་སྐྱོང་ལྗོངས་ཀྱི་རླུང་འཕྲིན་དང་བརྙན་འཕྲིན་ཕྱོགས་བསྡུས་མི་འབོར་ལ་ཁྱབ་ཚད་99.54%དང་99.67%སོ་སོར་ཟིན་ནས་ཏང་གི་གསུང་སྒྲ་ཁྱིམ་ཚང་ཁྲི་སྟོང་ལ་ཁྱབ་པར་བྱས་ཡོད།

    གཞན་ཡང་། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སོགས་ཆུས་གསུམ་ལ་འཕྲལ་སྡོམ་རླུང་འཕྲིན་དང་བརྙན་འཕྲིན་བཙུགས་ནས་སྤྱོད་འགོ་ཚུགས་པ་དང་། བོད་རང་སྐྱོང་ལྗོངས་སུ་རྫོང་རིམ་པའི་ལས་སྟེགས་71དང་། ཤང་དང་གྲོང་རྡལ་གྱི་མདུན་སྣེ་671 སྲིད་འཛིན་གྲོང་ཚོའི་མདུན་སྣེ་5251བཅས་ཟིན་ཡོད་པ་རེད། འབྲུབ་འགོག་གེགས་སེལ་ཁྲོད། འཕྲལ་སྡོམ་རླུང་འཕྲིན་གྱི་ནུས་པ་སྔར་བས་མངོན་ནས་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད། བོད་ལྗོངས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གི་འཕྲལ་སྡོམ་རླུང་འཕྲིན་ལས་དོན་དེ་2024ལོའི་རྒྱལ་ཡོངས་ཀྱི་འཕྲལ་སྡོམ་རླུང་འཕྲིན་གྱི་འབྲུབ་འགོག་གེགས་སེལ་གྱི་དཔེ་མཚོན་ལེགས་ཤོས་བཅུའི་ནང་བདམས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།