དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཇོ་མོ་ཁྲོམ་གཞུང་གི

    “ལས་དོན་ཨུ་ལྷན་ཆེན་པོ”དང“ཏང་ཨུད་ཆེན་པོ”གཉིས་ཀྱིས་གཞི་རིམ་བཅོས་སྐྱོང་གི“ཀུན་སེམས་གཅིག་སྒྲིལ”གྱི་ལས་དོན་ཡག་པོ་བསྒྲུབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-02-23

    འདི་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཇོ་མོ་ཁྲོམ་གཞུང་གི་2024ལོའི་ཁྲོམ་གཞུང་གི“ལས་དོན་ཨུ་ལྷན་ཆེན་པོ”དང་སྡེ་ཁུལ་གྱི“ཏང་ཨུད་ཆེན་པོའི”ཏང་འཛུགས་སྐྱོང་གི་མཉམ་འབྲེལ་ཚོགས་འདུ་འཚོག་ཡུལ་ཡིན་པ།

    འདི་ནི་ཁྲོམ་གཞུང་དང་སྡེ་ཁུལ་གྱི་དང་བླངས་པས་ཁྲོམ་གཞུང་རྒྱུད་དུ་དོང་ཁེབས་གཙང་མ་བཟོ་བ་དང་ས་འོག་ཆུ་འགྲོ་གཤོང་བཞིན་པ།

    འདི་ནི་ཁྲོམ་གཞུང་གི་རིག་རྩལ་རུ་ཁག་སྡེ་ཁུལ་དུ་བསྐྱོད་ནས་རིག་རྩལ་དམངས་ཕན་བྱེད་སྒོ་སྤེལ་བཞིན་པ།

    འདི་ནི་ཁྲོམ་གཞུང་གི་སློབ་གྲྭའི་ཏང་ཡོན་དང་བླངས་པས“གསར་བརྗེའི་ལས་རོགས་དགེ་རྒན་གྱི་སློབ་ཁྲིད་རྗེས་ཀྱི་སློབ་ཁང་ཆུང་ངུ”བརྒྱུད་ཕྲུ་གུ་ཚོར་སྲོལ་རྒྱུན་གྱི་རོལ་ཆ་དཀྲོལ་སྟངས་སློབ་བཞིན་པ།

    2024ལོ་ཚུན། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཇོ་མོ་ཁྲོམ་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཁྲོམ་གཞུང་གི“ལས་དོན་ཨུ་ལྷན་ཆེན་པོ”ལྟེ་བར་བྱེད་པ་དང་སྡེ་ཁུལ་གྱི“ཏང་ཨུད་ཆེན་པོ”འདེགས་སྐྱོར་དུ་བྱེད་པའི་ལས་ཀའི་ལམ་སྲོལ་ཁྱབ་གདལ་ཧུར་ཐག་གཏོང་བ་དང“འགོ་འཛུགས་ས་ཆུང་ཆུང”ལ་དམིགས་ནས་དམངས་འཚོའི“བྱ་བ་དངོས་ཆེན་པོ”ཡག་པོ་བསྒྲུབས་ཏེ། མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་བཏང་ཡོད།

    “ཁྱབ་པ་གཉིས”ཆེ་རུ་བཏང་ནས་ཏང་འཛུགས་སྐྱོང་གི་མཉམ་ཤུགས་གསར་པ་གཅིག་ཏུ་བསྒྲིལ་ཞིང་། 2024ལོར། ཇོ་མོ་ཁྲོམ་གཞུང་གི“ལས་དོན་ཨུ་ལྷན་ཆེན་པོས”བོད་རང་སྐྱོང་ལྗོངས་ཐད་གཏོགས་དང་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཐད་གཏོགས་སྡེ་ཚན་9དང་མཉམ་སྡོད་མཉམ་སྐྲུན་གྱི་གྲོས་མཐུན་བཞག་པ་དང་། སྡེ་ཁུལ་གྱི“ཏང་ཨུད་ཆེན་པོས”ཚན་པ་དང་ཁེ་ལས་114དང་མཉམ་ལས་བྱས་པ། མཉམ་སྐྲུན་ཏང་ཀྲི་པུའུ་13དང“གསར་གཉིས”ཏང་ཀྲི་པུའུ་2ཀྱིས་ཏང་ཡོན་10ལྷག་ཙམ་བསྡུ་ལེན་ཧུར་ཐག་བྱས་ཏེ། ཏང་གི་རྩ་འཛུགས་དང་ལས་ཀའི་ཁྱབ་རྒྱ་ཆེ་རུ་སྔར་བས་བཏང་ནས་གཞི་རིམ་ཏང་འཛུགས་སྐྱོང་གི་རྨང་གཞི་བརྟན་དུ་སྔར་བས་བཏང་ཡོད།

    བྱེད་སྒོ་མཉམ་དུ་སྤེལ་ཤུགས་ཆེ་རུ་བཏང་ནས་བཅོས་སྐྱོང་གི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ཞིང་། གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་ལས་དོན་ཡག་པོ་སྒྲུབ་མིན་དེ་མང་ཚོགས་ཀྱི“འཛུམ་མདངས”ལས་གསལ་པོ་མཐོང་ཐུབ། ཉིན་རེ་བཞིན་ལྗིད་རྫོབ་དང་རྙོག་འཛིང་ཆེ་རུ་འགྲོ་བའི་གཞི་རིམ་བཅོས་སྐྱོང་གི་ལས་འགན་མདུན་དུ་ཇོ་མོ་ཁྲོམ་གཞུང་གིས་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ལས་ཀའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས། ཁྲོམ་གཞུང་གི“ལས་དོན་ཨུ་ལྷན་ཆེན་པོ”དང་སྡེ་ཁུལ་གྱི“ཏང་ཨུད་ཆེན་པོའི”དོན་གྲོས་ཐབས་ཇུས་ལམ་སྲོལ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་རྒྱུན་ཆད་མེད་པར་བཏང་ཡོད། “དོན་ཆེན་མཉམ་གྲོས་དང་དོན་དངོས་མཉམ་སྒྲུབ”ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། 2024ལོར་ལས་འགན་གཅིག་ལྕོགས་ཨུ་ཡོན་དང་ཆུས་སུ་བཅའ་སྡོད་ཚན་པ་སྐོང་བསྡུ་བྱས་ཏེ་ཏང་འཛུགས་སྐྱོང་གི་མཉམ་འབྲེལ་ཚོགས་འདུ་ཐེངས་3འཚོགས་ནས་དོན་དངོས་སྒྲུབ་པ་དང་། དོན་ཆེན་ལ་ཞིབ་འཇུག དོན་དག་གལ་ཆེན་གཏན་འཁེལ། འཕྲལ་དོན་ལ་གྲོས་མོལ་བཅས་ཐུབ་པར་བྱས་ཡོད། གཞི་རིམ་ཏང་རྩ་འཛུགས་ཀྱི་ཐོན་ཁུངས་དང་སྤྱི་ཚོགས་དོ་དམ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་དགོས་མཁོ་དོ་མི་མཉམ་པ་དང་གང་ལེགས་མ་བྱུང་བའི་གནད་དོན་ལ་དམིགས་ནས། ཁྲོམ་གཞུང་གི“ལས་དོན་ཨུ་ལྷན་ཆེན་པོ”དང་སྡེ་ཁུལ་གྱི“ཏང་ཨུད་ཆེན་པོ”གཉིས་ཀྱིས་ཕྱོགས་གཉིས་ཁས་ལེན་དང་ཕྱོགས་གཉིས་ཞབས་ཞུའི་ལས་དོན་སྤེལ་ནས། ཁོངས་མིའི་ཚན་པའི་ས་ཆ་དང་། ཆ་འཕྲིན། ཤེས་ལྡན་པ་སོགས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་པ་དང་། ཏང་ཡོན་གྱི“འབྱོར་ཐོ་ཉིས་འགོད་དང་ཞབས་འདེགས་གཉིས་ཞུའི”ལས་དོན་སྤེལ་རྒྱུ་རྨང་གཞིར་བྱས་ཏེ། ཏང་འཛུགས་སྐྱོང་ཞབས་ཞུའི་རྣམ་གྲངས་100ལྷག་ཙམ་ཁས་ལེན་ཧུར་ཐག་བྱེད་པ་དང་། གྲོང་མི་མང་ཚོགས་མི་ཐེངས་9000ལྷག་ཙམ་ལ་ཞབས་འདེགས་ཞུ་བ། མང་ཚོགས་ཀྱི་བསམ་འདུན་ཆུང་ངུ་89ཐག་གཅོད་བཅས་བྱས་ནས། གྲོང་ཁྱེར་གྱི་ཏང་འཛུགས་སྐྱོང་གི“གསར་བརྗེའི་གྲོགས་ཚོགས”རྒྱ་ཆེར་བཏང་སྟེ། ཏང་འཛུགས་སྐྱོང་ལ་བརྟེན་ནས་སྡེ་ཁུལ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད།

    དྲ་མིག་ཅན་གྱི་དོ་དམ་ལ་དམིགས་ནས་མང་ཚོགས་ཀྱི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ཞིང་། ཁྲོམ་གཞུང་གིས་ཁོངས་གཏོགས་ཁུལ་གྱི་སྡེ་ཁུལ་3དྲ་མིག་ཡུག་ཁུལ་གཙོ་བོ་13དང་། ཆེད་གཏོགས་དྲ་མིག་76 ཕྱོགས་བསྡུས་དྲ་མིག་90བཅས་སུ་ཕྱེ་ནས་སྤྱི་ཚོགས་ལས་མི་37བཀོད་སྒྲིག་བྱས་པ་དང་སྦྲགས། ཁྲོམ་གཞུང་གི་ལས་བྱེད་པ་43དྲ་མིག་ཡུག་ཁུལ་ཁག་ཏུ་ཞབས་ཞུ་དོ་དམ་བྱེད་པར་མངགས་པ་དང་། ཁོའོ་རིམ་པ་གཞོན་པ་ཡན་གྱི་ལས་བྱེད་པས་དྲ་མིག་ཡུག་ཁུལ་འགན་གཙང་ལེན་པ་དང་། ཏང་གི་ལས་དོན་ཨུ་ལྷན་གྱི་ཨུ་ཡོན་དང་དོན་གཅོད་ཁྲུའུ་ཡི་ཀྲུའུ་རེན་གཞོན་པས་རྙོག་འཛིང་ཆེ་བའི་ས་ཁོངས་ཀྱི་དྲ་མིག་གི་འགན་ཁུར་ཡོད། དེ་དང་ཆབས་ཅིག་གཟའ་འཁོར་རེར་དྲ་མིག་ཡུག་ཁུལ་དུ་སྐྱོད་པའི་གོ་སྐབས་སྤྱད་དེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱས་པ་བརྒྱུད་ཁྱོན་གནད་དོན་110ལྷག་ཙམ་ཤེས་རྟོགས་ཐུབ་པ་དང་། མིག་སྔར་གནད་དོན་90ལྷག་ཙམ་དག་ཐེར་ཐུབ་ཡོད།

    ཞབས་འདེགས་ཞུ་ཐབས་གསར་གཏོད་བྱས་ནས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་བཏང་ཞིང་། ཇོ་མོ་ཁྲོམ་གཞུང་གིས་སྡེ་ཁུལ་གྲོང་མིའི་དགོས་མཁོ་དང་། མཉམ་སྐྲུན་ཚན་པའི་ཐོན་ཁུངས། ཏང་ཡོན་ཞབས་ཞུའི་རྣམ་གྲངས་བཅས་ཀྱི“གསལ་ཐོ་གསུམ”བཟོས་ནས“མང་ཚོགས་ཀྱིས་མངགས་ཐོ་འགོད་པ་དང་། སྡེ་ཁུལ་གྱིས་མངགས་ཐོ་སྤྲོད་པ། ཏང་ཡོན་གྱིས་མངགས་ཐོ་རྩིས་ལེན་པ”བཅས་ཀྱི་ལས་ཀའི་བྱ་ཐབས་ཁྱབ་གདལ་བཏང་སྟེ། ཁོངས་གཏོགས་ཁུལ་གྱི་གྲོང་མིར་སྤྱི་ཚོགས་རོགས་སྐྱོབ་དང་། དབང་སྐྱོན་རོགས་སྐྱོར། ལས་ཞུགས། སྤྱི་པའི་རིག་གནས་སོགས་ཚལ་ཐོ་རྣམ་པའི་ཞབས་འདེགས་ཞུས་ནས། སྡེ་ཁུལ་གྲོང་མིའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་སྔར་བས་བཏང་ཡོད། ཏང་ཡོན་གདོང་ལེན་པ་དང་། དམག་མི་རྒན་གྲས། བུད་མེད་མ་བྱན་སོགས་དང་བླངས་ཞབས་ཞུའི་རུ་ཁག་22དང་། དེ་བཞིན“གསར་བརྗེའི་ལས་རོགས་དགེ་རྒན”དང“བྱིས་པ་དམར་པོའི་སྒྲ་སྙན་སྤྱི་ཕན་སློབ་ཁྲིད” “ཤེས་དཔལ་ཆུ་ཚོད་གཅིག”སོགས་ཀྱི་དང་བླངས་ཞབས་ཞུའི་རྣམ་གྲངས་གཏན་འཁེལ་བྱས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད། “རྒན་རྒོན་གཅིག་དང་བྱིས་པ་གཅིག”ལ་དམིགས་ཏེ། སྲིད་ཇུས་དྲིལ་བསྒྲགས་དང་། བདེ་ཐང་འོས་འགན་སྨན་བཅོས། བཅའ་ཁྲིམས་རོགས་སྐྱོར། རྒན་སྐྱོར་རྒན་གཅེས། རིག་རྩལ་མཉམ་འཁྲབ། དཀའ་ངལ་ཡོད་པའི་ཚོགས་སྤྱིར་འཚམས་འདྲི་སོགས་ཀྱི་ཞབས་འདེགས་ཞུས་ཡོད། དེ་དང་དུས་མཚུངས། དམངས་འཚོའི་རྣམ་གྲངས་རབ་དང་རིམ་པ་ལག་ལེན་བསྟར་ཐུབ་པའི་བརྩོན་ལེན་བྱས་ཡོད། མ་དངུལ་སྒོར་ཁྲི་307རྒན་གསོའི་ས་ཚིགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་སྤྱོད་ཐུབ་པའི་བརྩོན་ལེན་བྱས་པ་དང་། གྲོང་ཁྱེར་དང་ཆུས་རིམ་པ་གཉིས་ཀྱི་བཟོ་ཚོགས་ཀྱིས་མ་དངུལ་སྒོར་ཁྲི་16བཏང་སྟེ་གསར་བརྗེའི་ས་ཚིགས་ཀྱི་ཞབས་ཞུའི་ནུས་པ་འཐུས་སྒོ་ཚང་དུ་གཏོང་ཐུབ་པའི་བརྩོན་ལེན་བྱས་པ། གྲོང་ཁྱེར་དང་ཆུས་རིམ་པ་གཉིས་ཀྱི་གུང་གཞོན་སྡེ་ཚོགས་ཨུ་ལྷན་གྱིས་མ་དངུལ་སྒོར་ཁྲི་12བཏང་སྟེ་གྲོང་ཁྱེར་གྱི་གཞོན་ནུའི་ཁྱིམ་ཚང་སྐྲུན་ཐུབ་པའི་བརྩོན་ལེན་བྱས་པ། བཟོ་ཚོགས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་མ་དངུལ་སྒོར་ཁྲི་20བཏང་སྟེ་ཀོང་པོའི་བག་ཆགས་ཚོང་སྐོར་དུ་གྲོང་ཁྱེར་གྱི་མ་བུ་ཁང་ཐོག་མ་དེ་གསར་དུ་སྐྲུན་ཐུབ་པའི་བརྩོན་ལེན་བྱས་པ། གྲོང་ཁྱེར་འཕྲོད་བསྟེན་ཨུ་ལྷན་གྱིས་གྲོང་ཁྱེར་མི་དམངས་སྨན་ཁང་དང་མཐུན་སྦྱོར་བྱས་ཏེ“དང་བླངས་ཞབས་ཞུའི་རུ་ཁག”དང“ནན་ཏིང་ཀེར་ཞབས་ཞུའི་རུ་ཁག”བཙུགས་ནས། མང་ཚོགས་ཀྱི་ཉེ་འགྲམ་དུ་བདེ་ཐང་ཞབས་འདེགས་ཞུས་པ་དང་། རིན་ཐང་སྒོར་ཁྲི་12རི་བའི་སྨན་རྫས་རིན་མི་དགོས་པར་སྤྲད་པ་དང་འབྲེལ། གཙང་འགྲམ་སྡེ་ཁུལ་གྱི་དཀའ་ངལ་ཡོད་པའི་དུད་ཚང་15དང་མི་ཧྲེང་རྒན་རྒོན་དང“ཁྱིམ་ཚང་སྨན་པའི”གྲོས་མཐུན་བཞག་པ། གཉིས་བཀུར་ལམ་སྡེ་ཁུལ་དང་གཙང་འགྲམ་སྡེ་ཁུལ་དང་མཐུན་སྦྱོར་བྱས་ཏེ། བོད་ལྗོངས་ཞིང་འབྲོག་སློབ་གླིང་དང་མཉམ་དུ་སྡེ་ཁུལ་གྱི“རྒན་ལགས་ཡག་པོས་གསར་བརྗེའི་སློབ་གསོ་གཏོང་བ”དང་“གསར་བརྗེའི་ལས་རོགས་དགེ་རྒན་གྱི་སློབ་ཁྲིད་རྗེས་ཀྱི་སློབ་ཁང་ཆུང་ངུ”བཏོད་པ་དང་སྦྲགས། ཁོངས་གཏོགས་ཁུལ་གྱི་སློབ་གྲྭའི་ཏང་ཡོན་དང་བླངས་པ་སྒྲིག་འཛུགས་བྱས་ནས་སྡེ་ཁུལ་གྱི་ཕྲུ་གུར་སློབ་ཁྲིད་རྗེས་ཀྱི་སྦྱོང་ཚན་ཟུར་ཁྲིད་དང་དགའ་ཕྱོགས་འཕེལ་བར་བྱས་ནས་གྲོང་མིར་ཕྲུ་གུ་སློབ་གྲྭ་གྲོལ་རྗེས་ཀྱི་དོ་དམ་དཀའ་གནད་བསལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།