དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ན་ནིང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི་5.8ལས་འགོ་བཙུགས་ནས་སྒྱུར་བཀོད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-02-23

    ཚེས་21ཉིན། གསར་འགོད་པར་སྡོད་ཁང་འཛུགས་སྐྲུན་པུའུ་ནས་ཤེས་རྟོགས་བྱུང་བར། ས་གནས་ཁག་གིས་བསྡོམས་རྩིས་དང་གོང་ཞུའི་གྲངས་གཞིར་གཞིགས་ན། 2024ལོར་རྒྱལ་ཡོངས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི་5.8ལས་འགོ་བཙུགས་ནས་སྒྱུར་བཀོད་བྱས་པས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ཁྲི་5.4ཡིན་པ་དེ་ཚད་བརྒལ་ལེགས་གྲུབ་བྱུང་ཡོད། ས་ཁུལ་དབྱེ་ནས་བལྟས་ཚེ་པེ་ཅིང་དང་། ཧོ་ནན། ཀོང་ཤིས་སོགས་ས་ཁུལ་11གིས་འཆར་གཞི་ལས་ཚད་བརྒལ་ལེགས་གྲུབ་བྱུང་ཡོད།

    འདི་ལོར་གྲོང་ཁྱེར་གསར་སྒྱུར་གྱི་སྒྱུར་བཀོད་རྣམ་གྲངས་ཁག་གཅིག་ཇུས་འགོད་བྱས་ནས་ལག་ལེན་བསྟར་ཏེ་2000ལོའི་ལོ་མཇུག་གོང་བསྐྲུན་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་སྒྱུར་བཀོད་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱས་ཏེ་སྡེ་ཁུལ་འཛུགས་སྐྲུན་དང་། ད་ཡོད་ཀྱི་སྐྲུན་དངོས་སྒྱུར་བཀོད་བེད་སྤྱོད་དང་ཁྲོམ་གཞུང་རྙིང་པ་གསར་སྒྱུར་གྱི་སྒྱུར་བཀོད་སོགས་དམངས་འཚོའི་འདུ་འགོད་དང་འཕེལ་རྒྱས་ཀྱི་འདུ་འགོད་མུ་མཐུད་ལག་བསྟར་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།