རྒྱལ་ཐོན་གློག་སྒུལ་རྣམ་པའི་མི་བཞུགས་འཕུར་གྲུ་ཚན་ཞིབ་ཀྱི་འཕུར་སྐྱོད་ཐོག་མ་ལམ་ལྷོངས་བྱུང་བ།
གསར་འགོད་པར་ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པ་དམིགས་གསལ་འཕུར་སྐྱོད་འཕྲུལ་ཆས་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱུང་བར། ཟླ་2ཚེས་21ཉིན། རྒྱལ་ཐོན་མི་བཞུགས་འཕུར་གྲུ“སྤྲིན་བཟང”AS700གློག་སྒུལ་རྣམ་པའི་AS700Dརྟགས་ཅན་ཧུའུ་པེའི་ཅིང་མོན་དུ་ཚན་ཞིབ་ཀྱི་འཕུར་སྐྱོད་ཐོག་མ་ལམ་ལྷོངས་བྱུང་ནས་ལག་རྩལ་ཁོང་དུ་ཆུད་ཚད་དང་རྩ་བའི་རིགས་པ་ར་སྤྲོད་ཐུབ་སྟེ། རྗེས་མཐུད་ཀྱི་གློག་སྒུལ་འཕུར་གྲུ་ཞིབ་འཇུག་གསར་བཟོ་དང་བཀོལ་སྤྱོད་བྱེད་པར་ལག་རྩལ་གསོག་འཇོག་བྱས་ཡོད།
AS70ODརྟགས་ཅན་ནི་གློག་སྒུལ་རྐྱང་པའི་འཕུར་གྲུ་ཞིག་ཡིན་ཞིང་། AS700རྟགས་ཅན་མི་བཞུགས་འཕུར་གྲུའི་རྨང་གཞིའི་སྟེང་ཕྱོགས་ཡོངས་ནས་གློག་སྒུལ་ཅན་གྱི་རིམ་སྤོར་བྱས་ཏེ། སྔོན་ཐོན་གྱི་ལིས་གློག་རྫས་ཀྱི་གློག་སྒུལ་མ་ལག་དང་། དུང་འཁྱིལ་སྒྲོ་གཤོག་མ་ལག གྲང་བཟོའི་མ་ལག་སོགས་སྤྱད་ནས་སྲོལ་རྒྱུན་གྱི་མཁའ་འགྲུལ་སྒུལ་བྱེད་འཕྲུལ་འཁོར་དང་འབུད་རྫས་མ་ལག་གི་ཚབ་བྱས་ཡོད།