དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་གྱིས་མཁོ་འཚོང་མཉམ་ལས་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་བྱེད་སྟངས་གསར་པ་ཚོད་ལྟའི་འཚོལ་ཞིབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-23

    ཉིང་ཁྲི་གྲོང་ཁྱེར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྒྱུར་བཅོས་སྒོ་དབྱེར་སྔོན་ལ་སྐུལ་འདེད་གཏོང་བར་དམིགས་ནས། མཁོ་འཚོང་མཉམ་ལས་ཁང་སྒྱུར་བཅོས་ཚོད་ལྟའི་གྲོང་ཁྱེར་སྣེ་ཁྲིད་དུ་བྱེད་པ་དང་། “ཞིང་རོགས་ཞིང་དར”དམ་འཛིན་བྱ་གཞིར་བྱེད་པ། སྨན་གླིང་གྲོང་ཁྱེར་ཚོད་ལྟར་བྱེད་པ། “མཁོ་སྤྲོད”དང“ཕྱིར་འཚོང”ཕྱོགས་གཉིས་ཀྱི་ནུས་ཤུགས་མངོན་གསལ་དོད་པོ་ཡོང་བ་བཅས་བྱས་ཏེ། མཁོ་འཚོང་མཉམ་ལས་ཁང་གི་རྩ་འཛུགས་ལམ་སྲོལ་དང་། མཉམ་ལས་ལམ་སྲོལ། ཞབས་ཞུའི་ལམ་སྲོལ་བཅས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས། མཁོ་འཚོང་མཉམ་ལས་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་མ་ལག་འདུས་གྲུབ་ལ་སྐུལ་འདེད་གཏོང་བར་ཕན་འབྲས་དངོས་ཐོན་ཡོད། 2024ལོར་སྨན་གླིང་གྲོང་ཁྱེར་མཁོ་འཚོང་མཉམ་ལས་ཁང་ལ“རྒྱལ་ཡོངས་མཁོ་ཚོང་མཉམ་ལས་ཁང་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ”ཀྱི་མཚན་སྙན་ཐོབ་ཡོད།

    མཁོ་འཚོང་མཉམ་ལས་ཁང་གི་སྒྲིག་འཛུགས་ལམ་སྲོལ་གྱི་དབང་ཆ་སྤྲོད་སྟངས་འཚོལ་ཞིབ་བྱས་ཤིང་། སྨན་གླིང་གྲོང་ཁྱེར་ཚོད་ལྟའི་རྫོང(གྲོང་ཁྱེར)ཡིན་པའི་ངོས་ནས་སྒྱུར་བཅོས་ལས་དོན་གྱི་ཆེད་དོན་ཚན་ཁག་བཙུགས་པ་དང་། སྒྱུར་བཅོས་ཀྱི་ལག་བསྟར་ཇུས་གཞི་བཏོན་པ། སྒྱུར་བཅོས་ཚོད་ལྟར་སྤྱོད་པའི་ཆེད་དོན་སྒྱུར་བཅོས་འཕེལ་རྒྱས་ཀྱི་མ་དངུལ་བཀོད་སྒྲིག་བཅས་བྱས་ནས་སྒྱུར་བཅོས་གོང་འོག་མཉམ་འགུལ་དང་གོམ་སྟབས་གཅིག་མཚུངས་ཡོང་བའི་འགན་ལེན་བྱས་ཡོད། མིག་སྔར་སྨན་གླིང་གྲོང་ཁྱེར་དུ་ཐད་ཚོང་ཁང་3དང་། མ་རྩ་མཉམ་འཇོག་ཀུང་སི་4 གཞི་རིམ་མཉམ་ལས་ཁང་4བཅས་བཙུགས་ཡོད།

    མཁོ་འཚོང་མཉམ་ལས་ལམ་སྲོལ་གྱི་ནུས་པ་སྤྲོད་སྟངས་འཚོལ་ཞིབ་བྱས་ཤིང་། ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་མཉམ་རུབ་འཕེལ་རྒྱས་བཏང་སྟེ་སྨན་གླིང་གྲོང་ཁྱེར་ཡོན་ཞོན་མཁོ་འཚོང་ཚད་ཡོད་ཀུང་སི་དང་། སྨན་གླིང་གྲོང་རྡལ་ཉི་མ་དམར་པོ་ཚན་རྩལ་དཔེ་སྟོན་ཁྱིམ་ཚང་ཞིང་ར། ཚལ་འདེབས་ཞིང་པ་བཅས་ཀྱིས་སྨན་གླིང་གྲོང་ཁྱེར་མཁོ་འཚོང་ཁང་ཉི་མ་དམར་པོ་ཞིང་ལས་ཚད་ཡོད་ཀུང་སི་ཐུན་མོང་ཐོག་འཛུགས་པར་སྐུལ་འདེད་བཏང་བ་དང་། མིག་སྔར་མུའུ་320ལྷག་ཙམ་གྱི་འགྱིག་ཤོག་དྲོད་ཁང་ཆེན་པོར་སྔོ་ཚལ་བཏབ་ཡོད་པ་དང་2024ལོར་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་80ཟིན་ཡོད།

    མཁོ་འཚོང་ཞབས་ཞུ་ལམ་སྲོལ་གྱི་ཁེ་ཕན་སྤྲོད་སྟངས་འཚོལ་ཞིབ་བྱས་ཤིང་། “ཕྱིར་ཚོང”ཐད་འབད་འཐབ་བྱས་ནས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ལྗོངས་ཕྱི་ནང་གི་ཚོང་ཟོག་འགྲེམས་ཚོང་བྱེད་སྒོར་ཞུགས་རྒྱུ་སྒྲིག་འཛུགས་བྱས་པ་དང་། ས་གནས་དེ་གའི་ཁེ་ལས(མཉམ་ལས་ཁང)11སྨན་གླིང་གྲོང་ཁྱེར་གློག་རྡུལ་ཚོང་དོན་སྤྱི་པའི་ཞབས་ཞུ་ལྟེ་གནས་ལ་་ཞུགས་པར་སྐུལ་འདེད་བཏང་བ། ཐད་གཏོང་ཟོག་ཚོང་སོགས་ཀྱི་ཕྱིར་ཚོང་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་ཏེ། ཞིང་ཞོར་ཐོན་རྫས“ཕྱིར་སྐྱོད་ཐུབ་པ”དང“ཡག་པོ་འཚོང་ཐུབ་པར”སྐུལ་འདེད་བཏང་ཡོད། 2024ལོ་ནས་བཟུང་སྨན་གླིང་གྲོང་ཁྱེར་གྱི་མཁོ་འཚོང་ཁང་ཁོངས་གཏོགས་ཀྱི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་860ཟིན་པ་དང་ཁེ་སྤོགས་དངུལ་འབོར་སྒོར་ཁྲི་60ཟིན་པ་དེ་དུས་མཚུངས་ལས་200%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།