དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་སྨི་ཆིག་ཁྲི་ལས་བརྒལ་བའི་ཚན་རིག་རྩད་ཞིབ་ཁྲོན་པ་དང་པོ་གསོར་འབིགས་ལེགས་གྲུབ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-02-22

    ཚེས་20ཉིན། གསར་འགོད་པས་ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། རང་རྒྱལ་གྱི་སྨི་ཆིག་ཁྲི་ལས་བརྒལ་བའི་ཁྲོན་པ་དང་པོ་སྟེ། ས་གཏིང་ཐ་ལི་མུ་ཚན་རིག་རྩད་ཞིབ་ཁྲོན་པ་དང་པོ་ཉིན་ཤས་གོང་ས་འོག་ཏུ་སྨི་10910ཟིན་པའི་སར་གསོར་འབིགས་ཐུབ་ནས་ཨེ་ཤེ་ཡའི་ཨང་དང་པོ་དང་འཛམ་གླིང་གི་ཨང་གཉིས་པའི་ཐད་དཔྱང་གཏིང་རིང་ཁྲོན་པར་གྱུར་ཡོད། ཁྲོན་པ་དེས་གོ་ལ་ཧྲིལ་པོའི་སྐམ་སར་ཁྲོན་འབིགས་སྨི་ཆིག་ཁྲི་ལས་བརྒལ་བའི་ཁྲོན་པ་འབིགས“མགྱོགས་ཤོས”དང་ཨེ་ཤེ་ཡའི་སྐམ་སའི་བྲག་སྙིང་ལེན་པའི་གཏིང“ཟབ་ཤོས”སོགས་ལས་གྲྭའི་ཟིན་ཐོ་མང་པོ་བཏོད་པ་དེ་ཐོག་ནས་ས་གཏིང་ཁྱབ་ཁོངས་སུ་རང་རྒྱལ་ལ་ཚད་བརྒལ་ཆེན་པོ་བྱུང་བ་མཚོན་ལ་ས་གཏིང་ཚན་རིག་ཞིབ་འཇུག་དང་གཏིང་རིང་བའི་སྣུམ་རླངས་རྩད་ཞིབ་ཁྱབ་ཁོངས་སུ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད།

    ས་གཏིང་ཐ་ལི་མུ་ཚན་རིག་རྩད་ཞིབ་ཁྲོན་པ་དང་པོ་ནི་ཤིན་ཅང་ཐ་ལི་མུ་གཤོང་སར་གནས་པ་དང་། 2023ལོའི་ཟླ་5པར་གསོར་འབིགས་བྱེད་འགོ་བཙུགས་ནས་རང་རྒྱལ་གྱི་ས་འོག་ཏུ་སྨི་ཆིག་ཁྲི་ཟིན་པའི་བྲག་སྙིང་གི་མ་དཔེ་ཐོག་མ་དེ་གྲུབ་འབྲས་ཐོབ་པའི་ངང་བླངས་པ་དང་། གོ་ལ་ཧྲིལ་པོར་སྐམ་སའི་སྨི་ཆིག་ཁྲི་ཡི་གཏིང་རིམ་ནས་སྣུམ་རླངས་ཐོག་མར་རྙེད་པས། སྨི་ཆིག་ཁྲི་ཡི་གཏིང་རིང་སྣུམ་རླངས་ཀྱི་ས་གཤིས་ཤེས་རྟོགས་ཕུན་སུམ་ཚོགས་སུ་དང་འཐུས་སྒོ་ཚང་དུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།