དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲོའུ་ཏི་ཡིས་བརྗོད་དོན།

    “ཆེད་ལས”དང“རྩེ་གཅིག་ཏུ་གཞོལ་བའི”སྒོ་ནས་ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་རམ་འདེགས་བྱེད་ཀྱི་ཡིན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ཝེ་དབྱི་ཅུན།   |     སྤེལ་དུས།  2025-02-22

    ཁེ་ལས་སུ་བསྐྱོད་དེ་ལག་རྩལ་གསར་པ་གཞན་སྒྱུར་བེད་སྤྱོད་དང་། ཤེས་ལྡན་པ་བཀུག་ནས་གསོ་སྐྱོང་བྱེད་པའི་འཇུར་མིག་ལ་ཤེས་རྟོགས། ཁེ་ལས་འཕེལ་རྒྱས་གཏོང་རིང་གི་གྲོས་འགོ་དང་རེ་བ་ཐོ་འགོད་ཞིབ་ཚགས་བྱེད་པ་སོགས་སྐབས་ཤིག་རིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲེ་ཅང་ཡུས་ཧྲི་ཚན་རྩལ་ཚད་ཡོད་ཀུང་སིའི་ཞིབ་འཇུག་ཁང་གི་ཡོན་ཀྲང་ཀྲོའུ་ཏི་ཡིས་ལྷོད་པོར་ཡུན་ཙམ་ཡང་མི་སྡོད་པར་ཁེ་ལས་ལ་བརྟག་ཞིབ་བྱེད་པར་ཡང་ཡང་བསྐྱོད་ཀྱི་ཡོད།

    “མི་དམངས་འཐུས་ཚོགས་ཀྱི་འགན་འཁྲི་ལྕི་བས། ངས་རང་ཉིད་ཀྱི་ལེགས་ཆ་གང་ལེགས་བཏོན་ནས་སྤུས་ཚད་སྔར་བས་མཐོ་བའི་གྲོས་འགོ་འདོན་གྱི་ཡོད”ཅེས་ཀྲོའུ་ཏི་ཡིས་བཤད།

    ན་ནིང་ཀྲོའུ་ཏི་སློབ་གྲྭ་དང་འབྲེལ་ཡོད་ཀྱི་སྲིད་གཞུང་སྡེ་ཚན་10ལྷག་ཙམ་ལ་འཚམས་འདྲིར་བསྐྱོད་རྗེས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལ“མི་ཐབས་རིག་ནུས་ཁྱབ་གདལ་བཏང་ནས་གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ནུས་པ་བཏོན་རྒྱུའི”སྐོར་གྱི་གྲོས་འགོ་བཏོན་ཞིང་། ཚོགས་འདུ་གྲོལ་རྗེས། གྲོས་འགོ་དེར་སློབ་གསོ་སྡེ་ཚན་གྱིས་མཐོང་ཆེན་པོ་བྱས་ནས་ཧང་ཀྲོའུ་གྲོང་ཁྱེར་པིན་ཅང་ཆུས་ལ་རིག་ནུས་སྒྲིག་ཆས་བེད་སྤྱོད་ཁྱབ་གདལ་ཆེ་རུ་བཏང་བས་སློབ་མ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།

    “ང་རང་ལ་ཁེ་བེད་བདག་ཐོབ་ཀྱི་རྣམ་གྲངས་500ལྷག་ཙམ་ཡོད་པའི་ནང་གསར་བཟོ་བྱེད་མཁན་དང་པོ་ཡིན་པའི་རྣམ་གྲངས་300ལྷག་ཙམ་ཡོད། ལོ་མང་ལས་ཀ་བྱས་པའི་ཉམས་མྱོང་གིས་རང་ཉིད་ལ་ཤེས་བྱའི་བདག་དབང་་ཁྱབ་ཁོངས་ཐད་ཆེད་ལས་སྔར་བས་ལྡན་པའི་ཉམས་མྱོང་མང་པོ་བྱུང”ཞེས་ཀྲོའིུ་ཏི་ཡིས་བཤད། ཁོང་གིས་རྩོད་གཞིའི་སྔ་རྗེས་ཀྱི་འབྱུང་རྐྱེན་དང་མཇུག་འབྲས་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་གྱིས་ཁེ་ལས་ལ་བསྐྱར་དུ་དཔྱད་གཞི་གསེད་བཀྲོལ་བྱེད་རོགས་བྱས་པ་མ་ཟད། དྲང་གཞག་གི་སྒོ་ནས་ཁྲིམས་འཛིན་སྡེ་ཚན་ལ་གནས་ཚུལ་བརྗོད་ཡོད།

    “ཚན་རིག་ལག་རྩལ་ལ་ཉིན་རེ་ལས་མ་འདས་པར་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པས། རྒྱ་ཆེའི་ཁེ་ལས་ལ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་འགྲན་སློང་གསར་པ་དེ་བས་མང་བ་འཕྲད་སྲིད་སྟབས། ངས་རང་འགན་གཙང་སྒྲུབ་དང་རང་འཁྲིའི་ལས་ཀ་ཟུང་འབྲེལ་གྱིས་ཚན་རྩལ་དང་། ཤེས་ལྡན་པ། ཐོན་ལས་སོགས་ཀྱི་ཐད་གཞི་རིམ་གྱི་བསམ་འཆར་ཉན་ཏེ་སྔར་བས་ལེགས་པའི་གསར་གཏོད་ཁོར་ཡུག་ཅིག་གཏོད་རྒྱུར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་གྱི་ཡིན”ཞེས་ཀྲོའུ་ཏི་ཡིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།