དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཞིབ་དཔྱོད་ལས་ཁུངས་ཀྱིས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དེ་སྔའི་ཀྲུའུ་ཞི་གཞོན་པ་ཝང་ཡུང་གི་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞིར་གཞུང་གཏུག་བརྒྱབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-02-21

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་གསར་འགོད་པས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱས་པར། བོད་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་དེ་སྔའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཝང་ཡུང་གིས་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞིར་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་བྱེད་མཇུག་བསྒྲིལ་བ་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཧུའུ་ནན་ཞིང་ཆེན་ཁྲེན་ཀྲོའུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ནས་ཞིབ་བཤེར་དང་ཞུ་གཏུག་རྒྱག་རྒྱུའི་གཏན་འཁེལ་བྱས་པ་རེད། ཉེ་ཆར། ཁྲེན་ཀྲོའུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲེན་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གཞུང་གཏུག་བརྒྱབ་་པ་རེད།

    ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་དང་ཞུ་གཏུག་བྱེད་རིང་། ཞུ་སྦྱོར་ཕྱི་མ་ཝང་ཡུང་ལ་ཁྲིམས་ལྟར་གཏུག་བཤེར་གྱི་དབང་ཆ་ཡོད་ལུགས་གསལ་བཤད་བྱས་པ་མ་ཟད། ཞུ་སྦྱོར་ཕྱི་མ་ཝང་ཡུང་ལ་འདྲི་རྩད་བྱས་པ་དང་དག་འབུད་པའི་བསམ་འཆར་ཡང་ཉན་པ་རེད། ཞིབ་དཔྱོད་ལས་ཁུངས་ཀྱིས་སྐྱོན་འདོན་ཞུ་གཏུག་བྱས་པ་ལྟར་ན། ཞུ་སྦྱོར་ཕྱི་མ་ཝང་ཡུང་གིས་དམངས་སྤྱོད་མཁའ་འགྲུལ་ལྷོ་ནུབ་ས་ཁུལ་དོ་དམ་ཅུས་སྲིད་ཇུས་ཁྲིམས་སྲོལ་ཁྲུའུ་ཡི་ཁྲུའུ་ཀྲང་དང་། དམངས་སྤྱོད་མཁའ་འགྲུལ་ཀུའེ་ཀྲོའུ་བདེ་འཇགས་ལྟ་འདོམས་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཅུས་ཀྲང་། ཀུའེ་ཀྲོའུ་ཞིང་ཆེན་གནམ་ཐང་ཚོགས་པ་ཚད་ཡོད་ཀུང་སི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་། དེ་བཞིན་ཀུའེ་དབྱང་ལུང་ཏུང་པའོ་རྒྱལ་སྤྱིའི་གནམ་ཐང་དུས་ཐེངས་གསུམ་པའི་རྒྱས་སྐྲུན་ལས་གྲྭ་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་སོགས་ལས་གནས་ཀྱི་སྟབས་བདེ་དང་འགན་དབང་ངམ་གོ་གནས་ཀྱི་སྟབས་བདེ་སྤྱད་དེ། མི་གཞན་ལ་ཁེ་ཕན་རག་ཐབས་དང་ཁྲིམས་འགལ་ངང་མི་གཞན་གྱི་རྒྱུ་ནོར་བླངས་པའི་གྲངས་འབོར་ཧ་ཅང་ཕོན་ཆེ་བས། ལྐོག་རྔན་བླངས་པའི་བྱས་ཉེས་ཐོག་ནས་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།