ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་བྲག་སྐོར་ཤང་བྲག་སྐོར་གྲོང་ཚོས།
ལོ་གསར་གོང་གི་འཚམས་འདྲིའི་བྱེད་སྒོ་སྤེལ་བ།
བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་འདིར། སྙེ་མོ་རྫོང་བྲག་སྐོར་ཤང་བྲག་སྐོར་གྲོང་ཚོར་བཅའ་སྡོད་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་རུ་ཁག་གིས་བྲག་སྐོར་གྲོང་ཚོའི“ཨུ་ལྷན་གཉིས”དང་མཉམ་དུ་ལོ་གསར་གོང་གི་འཚམས་འདྲིའི་བྱེད་སྒོ་སྤེལ་ཏེ། གྲོང་ཚོའི་ལོ་70ཡན་གྱི་བགྲེས་སོང་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཟབ་མོ་གནང་ལུགས་མཚོན་པར་བྱས་ཡོད།
བྱེད་སྒོ་སྤེལ་རིང་། ལས་དོན་པས་གྲོང་ཚོའི་ལོ་70ཡན་གྱི་བགྲེས་སོང་ལ་ཕོ་ཁེབས་དང་སྔས་མགོ་སོགས་སྤྲད་པ་མ་ཟད། ཁོང་ཚོར་བོད་ཀྱི་ལོ་གསར་གྱི་སྨོན་འདུན་བཟང་པོ་ཡང་ཞུས་ཡོད། ད་ཐེངས་ཀྱི་བྱེད་སྒོར་གྲོང་ཚོའི་ལོ་70ཡན་གྱི་བགྲེས་སོང་ཁྱོན་80ལ་སྒོར་ཁྲི་1.5རི་བའི་འཚམས་འདྲིའི་དངུལ་དང་དངོས་པོ་སྤྲད་པ་རེད།
བྱེད་སྒོའི་འབྲེལ་ཡོད་འགན་འཁུར་བས། ད་ཐེངས་ཀྱི་འཚམས་འདྲིའི་བྱེད་སྒོར་ཀྲུང་ཧྭ་མི་རིགས་ཀྱི་རྒན་བཀུར་རྒན་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ། མང་ཚོགས་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་གང་ལེགས་དངོས་སུ་ཚོར་ཐུབ་པར་བྱས་ནས། ཚང་མས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་གདེང་ཚོད་དང་ཆོད་སེམས་བརྟན་དུ་བཏང་ཡོད་ཅེས་བརྗོད།