རྒྱལ་ཡོངས་ཐའེ་དབན་མཐུན་འབྲེལ་ལྷན་ཚོགས་ཀྱིས་བོད་ཀྱི་ཐག་རིང་གྲོང་ཚོར་གྱོན་ཆས་ཞལ་འདེབས་བརྒྱབ་པ།
ཉེ་ཆར་ཀྲུང་ཧྭ་རྒྱལ་ཡོངས་སྤུན་ཟླ་ཐའེ་དབན་གྱི་མཐུན་འབྲེལ་ལྷན་ཚོགས(གཤམ་དུ་རྒྱལ་ཡོངས་ཐའེ་དབན་མཐུན་འབྲེལ་ལྷན་ཚོགས་ཞེས་བསྡུ་རྒྱུ)ཀྱིས་པེ་ཅིང་དུ་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ནས་གྱོན་ཆས་ཞལ་འདེབས་ཀྱི་བྱེད་སྒོ་ཞིག་སྤེལ་བ་དང་འབྲེལ་ཞལ་འདེབས་བརྒྱབ་པའི་གྱོན་ཆས་སྒམ་8གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་བསམ་གླིང་གྲོང་ཚོར་བསྐུར་བ་རེད།
བསམ་གླིང་གྲོང་ཚོར་བཅའ་སྡོད་ཞིང་ལས་གྲོང་གསེབ་ཐིང་གི་ལས་དོན་རུ་ཁག་གིས་བསམ་གླིང་གྲོང་ཚོ“ཨུ་ལྷན་གཉིས”དང་མཉམ་དུ“ལག་གདང་སྦྲེལ་ནས་གྱོན་ཆས་ཞལ་འདེབས་ཕུལ། དགེ་བ་བསྒྲུབས་ནས་བྱམས་སེམས་འཆང་བའི”གྱོན་ཆས་སྤྲོད་པའི་བྱེད་སྒོ་སྤེལ་ཏེ། རྒྱལ་ཡོངས་ཐའེ་དབན་མཐུན་འབྲེལ་ལྷན་ཚོགས་ཀྱི་བརྩེ་སེམས་ཟབ་མོ་བཟང་མོ་གླིང་གྲོང་ཚོའི་གྲོང་མིའི་ལག་ཏུ་བརྒྱུད་སྤྲོད་བྱས་པ་རེད།
རྒྱལ་ཡོངས་ཐའེ་དབན་མཐུན་འབྲེལ་ལྷན་ཚོགས་ཀྱི་བོད་སྐྱོད་འབུམ་རམས་ཞབས་ཞུ་ཚོགས་པ་ཁག་24ཡི་ཚོགས་གཙོ་དང་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ཏང་ཙུའི་ཁོངས་མི་དང་ཐིང་ཀྲང་གཞོན་པ་ཙུའོ་ཁྲུན་ཝེ་ཡིས་གྲོང་ཚོར་བཅའ་སྡོད་ཞིང་ལས་གྲོང་གསེབ་ཐིང་གི་ལས་དོན་རུ་ཁག་གི་ས་ནས་བསམ་གླིང་གྲོང་ཚོའི་མང་ཚོགས་ལ་གྱོན་ཆས་དཀོན་པོ་ཡོད་པ་ཤེས་རྗེས། རང་འགུལ་ངང་དེ་དོན་རྒྱལ་ཡོངས་ཐའེ་དབན་མཐུན་འབྲེལ་ལྷན་ཚོགས་ལ་སྙན་སེང་ཞུས་པ་རེད།