དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནག་ཆུ་གྲོང་ཁྱེར་གྱིས་ཐབས་མང་མཉམ་དུ་སྤྱད་ནས་ནགས་ཚལ་དང་རྩྭ་ཐང་གི“མེ་ཟོན་གྱང”བརྟན་པོ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-20

    མིག་སྔར་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་གྱི་འགག་རྩའི་དུས་སུ་སླེབས་ཡོད། ནག་ཆུ་གྲོང་ཁྱེར་གྱིས་འགག་རྩའི་མཚམས་ཚིགས་ལ་དམ་པོར་དམིགས་ནས་ཆེད་ལས་ཀྱི་སྟོབས་ཤུགས་ཚན་རིག་དང་མཐུན་པར་བཀོད་སྒྲིག་དང་། རྒྱུན་དུ་ལྟ་སྐུལ་མཛུབ་ཁྲིད་དང་དོན་འཁྱོལ་མཐའ་འཁྱོངས། བདེ་འཇགས་ཀྱི་འགན་འཁྲི་རིམ་པ་བཞིན་ནན་དུ་གཏོང་བ། ཐབས་མང་མཉམ་དུ་སྤྱད་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་དེ་བཞིན་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་བདེ་འཇགས་འགན་ལེན་བྱས་ཡོད།

    ད་ལོ་ཚུན་དུ་གྲོང་ཁྱེར་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་ལས་རིགས་ཀྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་བསྐྱར་དུ་བཀོད་སྒྲིག་བྱས་ཡོད། དེ་དང་ཆབས་ཅིག ནགས་དཔོན་ལམ་ལུགས་ལ་བརྟེན་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དྲ་མིག་ཅན་གྱི་དོ་དམ་གྱི་ཁུལ་ཁོངས་འགན་གཙང་གི་འགན་འཁྲིར་སྐུལ་འདེད་བཏང་སྟེ་འགན་འཁྲི་སྔར་བས་ནན་དུ་བཏང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ནག་ཆུ་གྲོང་ཁྱེར་གྱིས་རུ་མི་ཁྲི་1.45ལྷག་ཙམ་ཡོད་པའི་གཞི་རིམ་གྱི་རྩྭ་ཐང་གི་མེ་ཟོན་མེ་གསོད་འོས་འགན་འཕྲལ་རྒོལ་རུ་ཁག་བཙུགས་ཡོད། ད་ལོ་ཚུན་དུ་རིམ་རྩིས་བརྒྱབ་ན་ཆ་སྙོམས་གཟའ་འཁོར་རེར་མི་ཐེངས་9000ལྷག་ཙམ་གྱིས་སྐོར་སྲུང་སྐོར་བཤེར་དང་མངོན་མེད་རྐྱེན་ངན་2000ལྷག་ཙམ་གྲལ་བཤེར་བྱས་ནས་མངོན་མེད་རྐྱེན་ངན་སྣ་ཚོགས་ནུས་ཤུགས་ཡོད་རྒུས་བསལ་ཡོད།

    དེ་དང་ཆབས་ཅིག དངོས་ཟོག་གྲབས་གསོག་ལ་དམིགས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་གྱི་ཁ་གསབ་མ་དངུལ་སྔ་སྣུར་དུ་གཤམ་སྤྲོད་བྱས་ཤིང་། མིག་སྔའི་བར་གྲོང་ཁྱེར་དང་། རྫོང་། ཤང་དང་གྲོང་རྡལ་བཅས་རིམ་པ་གསུམ་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་དངོས་ཟོག་དང་སྒྲིག་ཆས་གྲབས་གསོག་བྱེད་ཚད་རིགས་36ཟིན་ནས་གྲབས་གསོག་དངོས་ཟོག་ཁྱོན་ཁྲི་5.9ཙམ་ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།