རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས“དུས་ཆེན་གསུམ”གྱི་འཚམས་འདྲིའི་བྱེད་སྒོ་སྤེལ་བ།
ཚེས་17ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ། ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི། སྤྱི་ཁྱབ་ཚོང་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་རྡོ་རྗེ་ཚེ་སྒྲུབ་ཀྱིས་རུ་སྣེ་ཁྲིད་ནས“དུས་ཆེན་གསུམ”གྱི་འཚམས་འདྲིའི་བྱེད་སྒོ་སྤེལ་བ་དང་། རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་དང་ཚོང(མཐུན)ཚོགས་ལས་རིགས་ཀྱི་ཏང་ཡོན་རྒན་གྲས་དང་དཀའ་ངལ་ཡོད་པའི་ཏང་ཡོན་ལ་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད།
བོད་ལྗོངས་ཧྲུའུ་ཤིན་ཁེ་ལས་དང་། བོད་ལྗོངས་གསེར་ཁང་བཟོ་ཚོང་ཚོགས་པ། བོད་ལྗོངས་ཙི་དབྱང་ཚོང་ཚོགས་བཅས་སུ་འཚམས་འདྲི་ཚོགས་ཆུང་གིས་ཏང་ཡོན་རྒན་གྲས་དང་དཀའ་ངལ་ཡོད་པའི་ཏང་ཡོན་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ཁོང་ཚོའི་གཟུགས་པོའི་གནས་ཚུལ་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། འཚམས་འདྲི་ཚོགས་ཆུང་གིས་ཏང་ཡོན་རྒན་གྲས་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན་པ་དང་རང་ལྗོངས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་བསུབ་ཐབས་མེད་པའི་ལེགས་སྐྱེས་ཕུལ་ཡོད། ཆབ་སྲིད་དང་། འཚོ་བ། བསམ་པ་བཅས་ཀྱི་ཐོག་ནས་ཏང་ཡོན་རྒན་གྲས་དང་དཀའ་ངལ་ཡོད་པའི་ཏང་ཡོན་ལ་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ། ལྷག་བསམ་རྣམ་དག་གིས་ཁོང་ཚོར་བྱ་བ་དངོས་སྒྲུབ་པ་དང་། དཀའ་ངལ་སེལ་བ། བྱ་བ་བཟང་པོ་སྒྲུབ་པ་བཅས་བྱས་ནས། ཁོང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཏང་རྩ་འཛུགས་ཀྱི་དྲོ་སྐྱིད་ཚོར་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།