གཟའ་མཇུག་ཏུ་ལས་ཀ་འཚོལ་བ་དང་ལས་མི་བསྡུ་བར་བྲེལ།
གཟའ་མཇུག་ཏུ་ས་གནས་ཁག་གིས་རྣམ་པ་འདྲ་མིན་གྱི་ལས་ཀ་འཚོལ་བ་དང་ལས་མི་བསྡུ་བའི་བྱེད་སྒོ་སྤེལ་ནས་མི་སྤྱོད་ཚན་པ་དང་ལས་ཀ་འཚོལ་མཁན་དབར་འབྲེལ་ཟམ་བཙུགས་ཡོད། འདི་ནི་ཟླ་2ཚེས་15ཉིན། ཧྲི་ཅ་ཀྲོང་གྲོང་ཁྱེར་བཅིངས་འགྲོལ་ཐང་ཆེན་དུ་སྤེལ་བའི་2025ལོའི་ཧོ་པེ་ཞིང་ཆེན་གྱི་དཔྱིད་དུས་ལས་མི་བསྡུ་བའི་འདུ་ཚོགས་ཆེ་གྲས་ཐོག་ལས་ཀ་འཚོལ་མཁན་གྱིས་ཁེ་ལས་ཀྱི་འཐུས་མིར་ལས་གནས་སྐོར་གྱི་ཆ་འཕྲིན་འདྲི་བཞིན་པ།