དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པར་སྟབས་བདེ་ལ་ལས་ཆོད་ཆེ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-18

    ད་ཕན་ལོ་ཤས་རིང་། བོད་ཀྱི་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་སྲིད་ཇུས་ལ་ཚད་བརྒལ་གསར་པ་བྱུང་ནས་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ཚོར་སྟབས་བདེ་ལ་ལས་ཆོད་ཆེ་བའི་ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས་ཡོད། 2021ལོ་ནས་བཟུང་། རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཀྱིས་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ་ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པར་ཐད་ཀའི་རྩིས་ཞུའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ཞབས་ཞུའི་བརྒྱུད་རིམ་མུ་མཐུད་ལེགས་སུ་བཏང་ནས། འགན་བཅོལ་ནང་ཞུགས་མཁན་ཚོར་སྲིད་ཇུས་བཟང་པོ་ལས་བྱུང་བའི་སྨན་བཅོས་འགན་བཅོལ་གྱི་ཕན་པ་དངོས་སུ་ཐོབ་ཡོད། འདི་ནི་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཀྱི་ལས་དོན་པས་གྲོང་མིར་ཡུལ་གཞན་དུ་སྨན་བཅོས་ཀྱི་སྨན་རིན་ཐད་ཀའི་རྩིས་ཞུའི་འགྲོ་ལུགས་གཉེར་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།