དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་ལྕགས་ལམ་ཅུས་ཉི་ཤུ་པས་སྐྲུན་འགན་ཁུར་བའི་ཁ་མེ་རོང་གི་ཨེན་ཨེན་གཞུང་ལམ་ལ་ཞིབ་བཤེར་རྩིས་ལེན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-02-18

    ཉེ་ཆར། ཀྲུང་གོ་ལྕགས་ལམ་ཅུས་ཉི་ཤུ་པས་བསྐྲུན་པའི་ཁ་མེ་རོང་གི་ཨེན་ཐུའུ་ནས་ཨེན་ཆའོ་ལའེ་བར་གྱི་གཞུང་ལམ(ཨེན་ཨེན་གཞུང་ལམ)ལས་མཇུག་འགྲིལ་ཏེ་ཞིབ་བཤེར་རྩིས་ལེན་བྱས་པ་དེ་ཐོག་ནས་ཚ་ཁུལ་ཆར་ནགས་བརྒལ་བའི་སྣུམ་ནག་གཞུང་ལམ་དེ་དངོས་སུ་སྤྱོད་འགོ་ཚུགས་པ་མཚོན་ཡོད། ཨེན་ཨེན་གཞུང་ལམ་རྣམ་གྲངས་ལ་སྤྱི་ལེ་60ཡི་གཞུང་ལམ་ཉམས་བཟོའི་ཨར་ལས་དང་དེ་བཞིན་ལམ་ཐག་ཧྲིལ་པོར་སྤྱི་ལེ་89ཡོད་པའི་གྲོང་གསེབ་གཞུང་ལམ་ཁག་10ཡི་འཛུགས་སྐྲུན་ཚུད་ཡོད་པ་རེད། གཞུང་ལམ་དེས་ཐག་རིང་ས་ཁུལ་གྱི་ཡུལ་མིའི་འགྲོ་འོང་ལ་སྟབས་བདེ་བསྐྲུན་རྒྱུ་མ་ཟད། ས་གནས་དེ་གའི་ཞིང་ལས་ཐོན་རྫས་ཕྱིར་ཚོང་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་ནུས་པ་ཐོན་རྒྱུ་རེད། འདི་ནི་མཁའ་ཐོག་ནས་པར་བརྒྱབ་པའི་ཨེན་ཨེན་གཞུང་ལམ་ཡིན་པ། (ཧྥན་ཡུས་ཐུང་གིས་པར་བརྒྱབ)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།