དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱིས་2025ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་དུག་འགོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-18

     ཉེ་ཆར། རང་སྐྱོང་ལྗོངས་དུག་འགོག་གཞུང་ལས་ཁང་གིས་ལྷ་ས་གྲོང་ཁྱེར་དུག་འགོག་གཞུང་ལས་ཁང་དང་ལྷ་ས་ལྕགས་ལམ་སྤྱི་བདེ་ཁྲུའུ་དང་མཉམ་དུ་དཔྱིད་གསར་སྐྱེལ་འདྲེན་རིང་ཕ་ཡུལ་དུ་ལོག་མཁན་མང་བའི་སྐབས་དང་བསྟུན་ནས་ལྷ་སའི་མེ་འཁོར་བབས་ཚུགས་སུ“བོད་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་དང་དུག་འགོག་དྲིལ་བསྒྲགས་ཟུང་དུ་འབྲེལ་བའི”བྱེད་ཐབས་སྤྱད་པ་དང“སྨན་རྫས་གང་བྱུང་དུ་སྤྱོད་རྒྱུར་འགོག་ཟོན་བྱས་ནས་དུས་བདེའི་བོད་ལྗོངས་གཏོད་པ”ཞེས་པའི་བརྗོད་དོན་གཙོ་བོའི་2025ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་དུག་འགོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    ས་གནས་ས་ཐོག་ཏུ་སྨན་རྫས་གང་བྱུང་དུ་སྤྱོད་རྒྱུར་འགོག་ཟོན་གྱི་འགྲེམས་པང་དང་འདྲ་བཟོའི་དུག་རྫས་སྒྲིག་པ་དང་། དུག་འགོག་དྲིལ་བསྒྲགས་དཔྱད་ཡིག་དང་དྲིལ་བསྒྲགས་དངོས་པོ་སྤྲོད་པ། མི་དམངས་ཉེན་རྟོག་པས་ས་གནས་ས་ཐོག་ཏུ་དུག་འགོག་གི་ཤེས་བྱ་གསལ་འགྲེལ་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད། རྒྱ་ཆེའི་མང་ཚོགས་ཀྱིས་སྦྲིད་སྨན་སོགས་དང་འབྲེལ་བ་ཡོད་པའི་དབྱིངས་ཞུགས་དུག་རྫས་གང་བྱུང་དུ་སྤྱོད་པའི་གནོད་འཚེ་གསལ་པོ་རྟོགས་པ་དང་ཁོང་དུ་ཡག་པོ་ཆུད་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།