དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས“གྲངས་འཛིན་ཐོན་ཁུངས་སྡེ་ཁུལ་དུ་སྤྱོད་པའི” དཔེ་ཀློག་ཁྱབ་གདལ་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-18

    ཉེ་ཆར། རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ལས་དོན་པས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་གི་སྐྱེ་ཁམས་གནས་སྤོ་བཀོད་སྒྲིག་བྱ་ཡུལ་སྲིན་བུ་རི་དང་མཚོ་གཉིས་རྫོང་ཡག་ཆུ་ཤང་གི་གནས་སྤོ་བྱ་ཡུལ་དུ་བསྐྱོད་དེ་འབྲོག་པར“གྲངས་འཛིན་ཐོན་ཁུངས་སྡེ་ཁུལ་དུ་སྤྱོད་པའི”དཔེ་ཀློག་ཁྱབ་གདལ་བྱེད་སྒོ་སྤེལ་བ་རེད། དེ་ནི་དཔེ་མཛོད་ཁང་གི་2025ལོའི་དམངས་ཡོངས་ཀྱི་དཔེ་ཀློག་ཁྱབ་གདལ་བྱེད་སྒོ་རབ་དང་རིམ་པའི་གྲས་ཤིག་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར“དཔེ་ཀློག་གི་གལ་ཆེའི་རང་བཞིན”བརྗོད་དོན་གཙོ་བོར་བྱས་ཏེ། ཡག་ཆུ་ཤང་གི“སྡེ་ཁུལ་གྱི་དཔེ་ཀློག་བརྡར་པའི”གཏམ་བཤད་འགྲན་བསྡུར་ཞིག་ནས་འགོ་ཚུགས་པ་རེད། འགྲན་ཞུགས་བདམས་ཐོན་པས་མི་སྒེར་གྱི་དཔེ་ཀློག་ཉམས་མྱོང་དང་། ཕན་འབྲས། དེ་བཞིན་དཔེ་ཀློག་གི་སྤྲོ་སྣང་དང་གྲུབ་འབྲས་བཅས་ལ་དམིགས་ནས་དཔེ་ཀློག་གི་དོན་སྙིང་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།