དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱོགས་བཞི་མཚམས་བརྒྱད་དཔྱིད་གསར་ལ་རོལ། རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-02-16

    ལོ་རྟགས།

    དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་བྷེ་ཨུ་རུ་སུའི《ཤར་ཕྱོགས་ཀྱི་ལོ་ཐོ། སྦྲུལ་ལོའི》སྦྲག་འཛིན་འགྲེམས་སྤེལ་མཛད་སྒོ་བྷེ་ཨུ་རུ་སུའི་རྒྱལ་བཙུགས་སློབ་ཆེན་ཁུང་ཙི་སློབ་གླིང་དུ་གཉེར་ཞིང་། ད་ལོ་ནི་ལོ་རྟགས་བཅུ་གཉིས་ཀྱི་གོ་རིམ་ལྟར་བཏོན་པའི་སྦྲག་འཛིན་འདི་རིགས་འགྲེམས་སྤེལ་བྱེད་ཐེངས་དྲུག་པ་དེ་རེད། འདི་ནི《ཤར་ཕྱོགས་ཀྱི་ལོ་ཐོ། སྦྲུལ་ལོའི》སྦྲག་འཛིན་འགྲེམས་སྤེལ་གྱི་ཉིན་དང་པོ་ཡིན་པ། (རེན་ཁོ་ཧྥུས་པར་བརྒྱབ)

    ཤོག་དྲས་འདྲ་གཟུགས།

    པར་ཙིར་གྱི་ལི་གཡོད་རེ་ནེ་ལུའུ་རུ་མི་རྣམས་ཀྱིས་ས་གནས་དེ་གར་སྤེལ་བའི་ཀྲུང་གོའི་དཔྱིད་གསར་དུས་ཆེན་གྱི་རིག་གནས་ཉམས་ལེན་བྱེད་སྒོར་རང་ཉིད་ཀྱིས་བཟོས་པའི་ཤོག་དྲས་བརྩམས་ཆོས་སྟོན་བཞིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཝང་ཐེན་ཚུང་གིས་པར་བརྒྱབ)

    དཔྱིད་གསར་སྐྱེལ་འདྲེན།

    ད་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་། ཀན་སུའུ་ལན་ཀྲོའུ་འགྲུལ་སྐྱེལ་དུམ་བུའི་མེ་འཁོར་ཐེངས་གྲངས་K132ཐོག་བྲོ་རྔ་དང་། ཤོག་དྲས་འདྲ་གཟུགས། ཆིན་ཆང་ཁྲང་ཞི། ཐེན་ཧྲུའེ་ཡི་འཚེམ་དྲུབ་སོགས་མངོན་མིན་རིག་གནས་ཤུལ་བཞག“མེ་འཁོར་གྱི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས”སུ་བསྟན་ནས་ཁྱིམ་དུ་ལོག་མཁན་འགྲུལ་པ་ཚོར་མིག་གི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད། འདི་ནི་ཕྱི་སྦྱོང་སློབ་མས་མེ་འཁོར་ནང་ཐེན་ཧྲུའེ་ཡི་འཚེམ་དྲུབ་བཟོ་རྩལ་སྦྱོང་བཞིན་པ། (སུང་ཅཱ་ལུང་གིས་པར་བརྒྱབ)

    བཟའ་བཅའི་གོམས་སྲོལ།

    འདི་ནི་ཧྲན་ཏུང་ཞིང་ཆེན་ཙའོ་ཀྲོང་གྲོང་ཁྱེར་ཀྲང་ཀྲོང་གྲོང་ཚོར་ཕྱི་སྦྱོང་སློབ་མས་ས་གནས་དེ་གའི་ཡུལ་མི་དང་མཉམ་དུ་ཅའོ་ཙེ་བཟོས་ནས་ལོ་གསར་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་བྱེད་བཞིན་པ། (ཧུང་ཞའོ་ཏུང་གིས་པར་བརྒྱབ)

    འདི་ནི་ཨོ་སི་ཁྲུ་ལི་ཡའི་ཕོ་སི་རུ་ས་གནས་དེ་གའི་བྱིས་པས་ཕོ་སིའི་དཔྱིད་གསར་རིག་གནས་དུས་ཆེན་སྐབས་14པའི་ཐོག་ཀྲུང་གོའི་རིག་གནས་ཉམས་ལེན་བྱེད་བཞིན་པ། (ཀྲོའུ་ཏན་གྱིས་པར་བརྒྱབ)

    འདི་ནི་དཔྱིད་གསར་དུས་ཆེན་རིང་། ཕྱི་རྒྱལ་གྱི་ཡུལ་སྐོར་བས་པེ་ཅིང་དཀྱིལ་ཐིག་གི་ཐེན་ཐན་སྤྱི་གླིང་དུ“སེང་རྩེད་རྩེ་ནས་དཔྱིད་གསར་བསུ”ཞེས་པའི་འཁྲབ་སྟོན་ལ་བལྟས་ནས་མངོན་མིན་རིག་གནས་ཤུལ་བཞག་གི་ལོ་གསར་གཏོང་སྲོལ་ཉམས་ལེན་བྱེད་བཞིན་པ། (སུན་ལི་ཅུན་གྱིས་པར་བརྒྱབ)

    འདི་ནི་ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་ཧྥུང་ནན་ཆུས་ཧོ་ཐོའུ་ཁྲོམ་གཞུང་རྙིང་པའི་མཛེས་ལྗོངས་ཁུལ་དུ་ཕྱི་རྒྱལ་གྱི་འཁྲབ་སྟོན་པ་བཅུ་ཕྲག་ཁ་ཤས་ཀྱིས་ངོ་མཚར་ཆེ་བའི་འཁྲབ་སྟོན་བྱས་ནས་ཡུལ་སྐོར་བ་དང་མཉམ་དུ་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བཞིན་པ། (ལིའུ་མན་ཚང་གིས་པར་བརྒྱབ)

    འདི་ནི་ཕ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལམ་པོ་རུ་མི་རྣམས་ཀྱིས“དྲོ་སྐྱིད་ལྡན་པའི་དཔྱིད་ཀ་བསུ། ཀྲུང་གོའི་ལོ་གསར་དགའ་གཏོང་བྱེད”ཅེས་པའི་དཔྱིད་གསར་དུས་ཆེན་གྱི་ཚོགས་མཆོད་ལ་ལྟ་བཞིན་པ། (ཨེ་ཧཱ་མའེ་ཏེ·ཁཱ་མའེ་ལེས་པར་བརྒྱབ)

    ད་ལོའི་དཔྱིད་གསར་དུས་ཆེན་ནི་ཀྲུང་གོའི་དཔྱིད་གསར་དུས་ཆེན་མངོན་མིན་རིག་གནས་ཤུལ་བཞག་ལ་རེ་ཞུ་ལམ་ལྷོངས་བྱུང་རྗེས་ཀྱི་དཔྱིད་གསར་དུས་ཆེན་དང་པོ་དེ་རེད། ཆ་ཡིག་སྦྱོར་བ་དང་། སྨོན་ཚིག་འབྲི་བ། ཅའོ་ཙེ་བཟོ་བ། སེང་རྩེད་ལ་ལྟ་བ་སོགས་རྒྱལ་ཁབ་ཁག་གི་དམངས་ཚོགས་ཀྱིས་དུས་ཆེན་གོ་སྐབས་སུ་བྱས་ནས། ཀྲུང་གོའི་མངོན་མེད་རིག་གནས་ཤུལ་བཞག་གི་ཡིད་དབང་འཕྲོག་ཤུགས་དང་ཤར་ཕྱོགས་ཀྱི་མཛེས་མཐུན་གྱི་རིག་གནས་ཀྱི་ནང་དོན་ཟབ་མོ་ཉམས་ལེན་བྱེད་ཀྱི་ཡོད། འཛམ་གླིང་དང་སྤེལ་རེས་བྱེད་རིང་། ཤར་ཕྱོགས་ཀྱི་སྲོལ་རྒྱུན་གྱི་ལོ་གསར་གཏོང་སྲོལ་ལའང་རྣམ་པ་གསར་པ་ཞིག་མངོན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།