དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་མཇུག་འགྲིལ་བ།

    བོད་ཀྱི་ལུས་རྩལ་པར་གསེར་གྱི་རྟགས་མ་གསུམ་དང་ཟངས་ཀྱི་རྟགས་མ་གཉིས་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-16

    ཟླ་2ཚེས་14ཉིན་གྱི་དགོང་མོར། 2025ལོའི་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་ཧེ་ལུང་ཅང་ཞིང་ཆེན་ཧར་པིན་གྲོང་ཁྱེར་དུ་གྲོལ་བ་རེད།

    ཟླ་2ཚེས་8ཉིན་བྱེས་བགྲོད་གངས་ཤུད་ཀྱི་སྐྱེས་པའི་མི་སྒེར་གྱི་ཐག་ཐུང་རྣམ་གྲངས་ཀྱི་འགྲན་བསྡུར་ནང་ཚེ་རིང་དགྲ་འདུལ་ལ་ཨང་དྲུག་པ་ཐོབ་པ་དང་། ཟླ་2ཚེས་9ཉིན་གངས་ཤུད་རི་འཛེག་གི་བུད་མེད་ཀྱི་ཐག་ཐུང་རྣམ་གྲངས་འགྲན་བསྡུར་ནང་ཚེ་བརྟན་གཡུ་སྒྲོན་ལ་གསེར་གྱི་རྟགས་མ་ཐོབ་པ་དང་བསོད་ནམས་ཆོས་སྒྲོན་ལ་ཟངས་ཀྱི་རྟགས་མ་ཐོབ་པ། ཟླ་2ཚེས་12ཉིན་གངས་ཤུད་རི་འཛེག་གི་མཉམ་འབྲེལ་རྒྱུག་མཐུད་རྣམ་གྲངས་ཀྱི་འགྲན་བསྡུར་ནང་ཚེ་བརྟན་གཡུ་སྒྲོན་དང་རུ་གྲོགས་པུ་ལུར་ལ་གསེར་གྱི་རྟགས་མ་ཐོབ་པ་དང་། བསོད་ནམས་ཆོས་སྒྲོན་དང་རུ་གྲོགས་ལིའུ་ཅན་པིན་ལ་ཟངས་ཀྱི་རྟགས་མ་ཐོབ་ཡོད། བྱེས་བགྲོད་གངས་ཤུད་ཀྱི་སྐྱེས་པའི་སྤྱི་ལེ་4×7.5ཡི་རྒྱུག་མཐུད་རྣམ་གྲངས་ཀྱི་འགྲན་བསྡུར་ནང་ཚེ་རིང་དགྲ་འདུལ་དང་རུ་གྲོགས་ལི་མིང་ལིན་དང་། པའོ་ལིན། ཝང་ཆང་བཅས་ལ་གསེར་གྱི་རྟགས་མ་ཐོབ་པ་རེད།

    སྐབས་འདིའི་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ལ་རང་ལྗོངས་ཀྱི་ལུས་རྩལ་པ་ཚེ་རིང་དགྲ་འདུལ་དང་། བསོད་ནམས་ཆོས་སྒྲོན། ཚེ་བརྟན་གཡུ་སྒྲོན་བཅས་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་ཚུད་ནས་གངས་ཤུད་རི་འཛེག་དང་བྱེས་བགྲོད་གངས་ཤུད་རྣམ་གྲངས་གཉིས་ཀྱི་འགྲན་བསྡུར་ནང་ཞུགས་པ་དང་ཁོང་ཚོས་སྙིང་སྟོབས་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་ཐོག་ནས་ཞུམ་མེད་འབད་འབུངས་དང་མཛའ་མཐུན་འགྲན་རྩོད་བྱས་ཏེ། འགྲན་ཞུགས་རྣམ་གྲངས་ཁྲོད་ཚད་བརྒལ་མང་པོ་བྱུང་ནས་གསེར་གྱི་རྟགས་མ་3དང་། ཟངས་ཀྱི་རྟགས་མ་2 ཨང་དྲུག་པ་1བཅས་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།