དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་བོད་སྐྱོར་དགེ་རྒན་གྱིས།

    སློབ་གསོའི་བོད་སྐྱོར་བྱས་ནས་བོད་ཀྱི་སློབ་གསོའི་བྱ་གཞག་གི་སྤུས་འབྲས་ལེགས་སུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-16

    ཉེ་བའི་ལོ་ཤས་རིང་། ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“མྱུར་ལམ”དུ་སྐྱོད་ཐུབ་པ་དེ་པེ་ཅིང་གྲོང་ཁྱེར་གྱི་སློབ་གསོའི་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་དང་ཁ་འབྲལ་ཐབས་མེད།

    2014ལོའི་ཟླ་བརྒྱད་པར། པེ་ཅིང་གྲོང་ཁྱེར་གྱིས་ཀུན་གྱི་སྔོན་ལ་སྒྲིག་གཞིའི་རྣམ་པའི་ཐོག་ནས་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་ལ་ཁག་དང་པོའི་དགེ་རྒན་52འདེམས་གཏོང་བྱས་ཏེ། ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་བྱེད་འགོ་ཚུགས་པ་རེད། ལོ་བཅུའི་རིང་པེ་ཅིང་གྲོང་ཁྱེར་གྱི་སློབ་གསོའི་བོད་སྐྱོར་གྱིས་ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་དང་། དཔེར་འོས་ཚད་གཞི། དགོས་མཁོའི་སྟོན་ཕྱོགས་བཅས་མཐའ་འཁྱོངས་བྱས་ཐོག ལས་བྱེད་པ་དང་དགེ་རྒན་299སྔ་རྗེས་སུ་བཏང་ནས་བོད་ཀྱི་སློབ་གསོར་རོགས་སྐྱོར་བྱས་ཤིང་། ཁོང་ཚོས་བརྩེ་སེམས་ལ་བརྟེན་ནས་གངས་ལྗོངས་ས་མཐོའི་སློབ་ཕྲུག་ཚོར་ཤེས་རིག་གི་སྒྲོན་མེ་སྤར་ཏེ། བོད་ཀྱི་སློབ་གསོའི་བྱ་གཞག་སྤུས་འབྲས་ལེགས་གཉེར་ཡོང་བར་རམ་འདེགས་བྱས་པ་རེད།

    ཀྲུང་དབྱང་བཟོ་རིག་མཛེས་རྩལ་སློབ་གླིང་ཞོར་གཏོགས་སློབ་འབྲིང་གི་དབྱིན་ཡིག་རྐང་འཛིན་དགེ་རྒན་པའེ་ཞུས་ནཱ་ཡིས་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་དུ་སློབ་སྐྱོར་བྱས་ནས་ལོ་གཅིག་དང་ལོ་ཕྱེད་སོང་ཡོད། ཁོང་གི་འབད་བརྩོན་འོག་སློབ་མ་ཚོའི་དབྱིན་ཡིག་ཉན་འབྲིའི་ནུས་པ་ཆེ་རུ་ཕྱིན་ཡོད། སློབ་ཁྲིད་ཀྱི་ཞོར་དུ་ཁོང་གིས་ད་དུང་ལོ་རིམ་དེའི་དབྱིན་ཡིག་རིག་ཚན་གྱི་སློབ་ཁྲིད་གྲ་སྒྲིག་ཙུའུ་ཀྲང་གི་འགན་ཁུར་ནས་རང་ཉིད་ཀྱི་སློབ་ཁྲིད་ཉམས་མྱོང་ས་གནས་དེ་གའི་དགེ་རྒན་ཚོར་མཉམ་སྤྱོད་བྱས་པ་མ་ཟད། ད་དུང་ས་གནས་དེ་གའི་དབྱིན་ཡིག་དགེ་རྒན་ཞིག་ལ་མཛུབ་ཁྲིད་བྱས་པ་བརྒྱུད། དགེ་རྒན་དེར་ལྷ་ས་གྲོང་ཁྱེར་གྱི་སློབ་ཁྲིད་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པ་རེད།

    བོད་སྐྱོར་གྱི་ལས་ཀར་དཀའ་ལས་ཡོད་མེད་སྐོར་འདྲི་སྐབས། བོད་སྐྱོར་ལས་བྱེད་པ་མང་པོས་བྱ་གཞག་འདིའི་ཁྲོད་ཞུགས་ཐུབ་པ་ནི་མ་གཞི་ནས་དོན་སྙིང་ཁྱད་དུ་འཕགས་པ་ཞིག་རེད། ཁ་གཏད་བོད་སྐྱོར་བྱེད་སྟངས་གསར་གཏོད་བྱས་པ་དང་བསྟུན་ནས། སློབ་གསོའི་བོད་སྐྱོར་ཡང་དེ་སྔའི“ཕྱོགས་གཅིག་ལ་བསྐྱོད་པ”ནས་ད་ལྟའི“ཕྱོགས་གཉིས་ཀར་བསྐྱོད་པའི”བར་འགྱུར་ལྡོག་བྱུང་སྟེ། པེ་ཅིང་དང་བོད་ཀྱི་དགེ་སློབ་དབར་གྱི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྔར་བས་ཤུགས་སྣོན་ཐེབས་པ་དང་། བོད་སྐྱོར་དགེ་རྒན་ཚོར་ཡང་ལས་ཀའི་ཁྲོད་ནས་ཉམས་མྱོང་རྩ་ཆེན་དང་མི་ཚེའི་མྱོང་བ་ཕུན་སུམ་ཚོགས་པོ་ཐོབ་ཡོད་པ་རེད།

    རྒྱལ་སའི་དཔལ་འབྱོར་ཚོང་དོན་སློབ་ཆེན་གྱི་ཞོར་གཏོགས་སློབ་འབྲིང་གི་བོད་སྐྱོར་སློབ་གསོའི་ལས་དོན་པ་བསླབ་པ་རྒན་པ། ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་སློབ་སྤྱི་ལེང་ཤིན་གྱིས་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་དུ་ལོ་དྲུག་ལྷག་ཙམ་རིང་སློབ་སྐྱོར་ལས་ལ་གཞོལ་ཞིང་། ལྷ་ས་གྲོང་ཁྱེར་གྱི་སློབ་གསོའི་ཆུ་ཚད་རིམ་པས་མཐོ་རུ་ཕྱིན་པར་དཔང་པོ་བྱས་ཡོད།

    བོད་སྐྱོར་དགེ་རྒན་དང་ས་གནས་དེ་གའི་དགེ་རྒན་གྱིས་ལོ་མང་རིང་འབད་བརྩོན་རྒྱུན་ཆད་མེད་པ་བྱས་པ་བརྒྱུད། ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་སློབ་གཉེར་སྤུས་ཚད་ཆེས་ཆེར་ལེགས་སུ་ཕྱིན་ཡོད། གྲངས་གཞི་ལས་མངོན་པ་ལྟར་ན། 2023ལོར་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་མཐོ་རྒྱུགས་ཀྱི་རྒྱུགས་འཕྲོད་ཚད་མུ་མཐུད་100%རྒྱུན་འཁྱོངས་ཐུབ་པ་ལས་གཙོ་གནད་དངོས་གཞིའི་ཚན་ཁག་ལ་རྒྱུགས་འཕྲོད་ཚད་79%ཟིན་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོཌ་བློ་ཡིད་ཚིམ་པའི་སློབ་གྲྭ་སྤུས་ལེགས་ཤིག་ཏུ་གྱུར་ཡོད་པ་རེད།

    པེ་ཅིང་གི“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་གྱི་གྲུབ་འབྲས་དེ་སློབ་གསོ་པུས“2023ལོ་འཁོར་གྱི་རྨང་གཞིའི་སློབ་གསོའི་ཁྱབ་ཁོངས་ཀྱི་ལག་ལེན་གསར་གཏོད་ཀྱི་དཔེ་མཚོན”ལ་བདམས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།